གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༡༢ཉིན།

༄༅།། སློབ་ཕྲུག་དང་སློབ་གྲྭའི་བར་གྱི་རྩོད་གཞི།

        ཞུ་སྦྱོར་སྔ་མ་བ་བདེ་སྐྱིད་ནི་ཞུ་སྦྱོར་ཕྱི་མ་བ་ཅི་ཅིག་སློབ་ཆུང་གི་སློབ་མ་ཡིན་ཞིང་། སློབ་གྲྭས་གདམ་གསེས་བྱས་པའི་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་གྱི་ལུས་རྩལ་པའང་ཡིན། ཉིན་ཞིག་གི་སློབ་དུས་བཞི་པར་དགེན་ལགས་ཀྱིས་བདེ་སྐྱིད་འཛིན་གྲྭའི་ནང་ནས་ཁྲིད་དེ་མཐོ་མཆོང་སྦྱང་དུ་སོང་། དེའི་བར་དུ་བརྡབ་ཆག་ཤོར་སྟབས་སྨན་ཁང་དུ་ཉིན་XXརིང་སྨན་བཅོས་བྱས། སྒོ་བསྟེན་སྨན་བཅོས་ལ་སྒོར་XXདང་ནད་སྡོད་སྨན་བཅོས་ལ་སྒོར་XXབཅས་འགྲོ་སོང་བཏང་།   
མཐར་མི་མིག་ཁྲིམས་འཛིན་དཔྱད་སྡོམ་ལྟེ་གནས་སུ་ཁྲིམས་འཛིན་དཔྱད་སྡོམ་བྱས་པའི་སྡོམ་ཆོད་འདི་ལྟར་ཏེ།
(༡)བདེ་སྐྱིད་ཀྱི་ཕྱི་རྨས་འདི་རིམ་པ་བཅུ་པའི་རྨས་སྐྱོན་གྱི་ཚད་དུ་བསླེབས་པ་དང་།
(༢)བདེ་སྐྱིད་ལ་ཉིན་XXརིང་ནད་གཡོག་རྒྱུག་དགོས་པ།
(༣)བདེ་སྐྱིད་ལ་ཉིན་XXརིང་ལུས་ཟུངས་གསོ་དགོས་པ།
(༤)བདེ་སྐྱིད་ཀྱི་རྗེས་མཐུད་སྨན་བཅོས་འགྲོ་གྲོན་ཕལ་ཆེར་སྒོར་XXའགྲོ་བ་མ་ཟད། དཔྱད་སྡོམ་འགྲོ་སོན་སྒོར་XXཟིན་པ་བཅས་སོ།

        ཁྲིམས་ཁང་ནས་ཀྱང་སྤྱི་དམངས་ལ་ཚེ་སྲོག་བདེ་ཐང་གི་ཁེ་དབང་ཡོད་པའི་ངོས་འཛིན་བྱས་ཡོད།《དབང་ཆ་བརྩི་མེད་རྡོག་རོལ་བཏང་བའི་འགན་འཁྲིའི་སྐོར་གྱི་ཀྲུང་ཧྭ་མི་དམངྶ་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དོན་ཚན་སོ་དགུ་པར་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དུ་སློབ་སྦྱོང་དང་འཚོ་བ་སྐྱེལ་རིང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དེས་སློབ་གསོ་དང་དོ་དམ་གྱི་འགན་ནུས་མ་སྒྲུབ་པར་བརྟེན་ནས་མི་ལུས་གནོད་འཚེ་ཕོག་རིགས།འགན་འཁྲི་འཁུར་དགོས་པའི་གཏན་འབེབས་བྱས་ཡོད།  

        དེར་བརྟེན། ཁྲིམས་ཁང་ནས་ཞུ་སྦྱོར་ཕྱི་མ་བ་ཅི་ཅིག་སློབ་ཆུང་གིས་ཞུ་སྦྱོར་སྔ་མབདེ་སྐྱིད་ལ་སྨན་བཅོས་འགྲོ་གྲོན་སྒོར་XXདང་། ནད་གཡོག་རྒྱུག་གླ་སྒོར་XXཟས་དོད་གསབ་དངུལ་སྒོར་XX ཟུངས་བཅུད་གསོ་དོད་སྒོར་XX རྗེས་མཐུད་སྨན་རིན་སྒོར་XX  རྨས་སྐྱོན་གུན་གསབ་སྒོར་XX  སེམས་གསོའི་དོད་དངུལ་སྒོར་XX  དཔྱད་སྡོམ་འགྲོ་གྲོན་སྒོར་XX  ཁྲིམས་རྩོད་པའི་ལས་ཚབ་གྲོན་དངུལ་སྒོར་XX  འགྲིམ་འགྲུལ་འགྲོ་གྲོན་སྒོར་XXབཅས་རྩིས་པའི་ཁྱོན་བསྡོམས་སྒོར་XXའཇལ་སྤྲོད་བྱེད་དགོས་པའི་ཁྲུན་ཐག་བཅད་ཅིང་། དཔྱད་ཁྲའི་ནུས་ཐོན་ཉིན་མོ་ནས་རྩིས་པའི་ཉིན་བཅུའི་ནང་ཚུད་དུ་དངུལ་སྤྲོད་ཐུབ་དགོས། གལ་སྲིད་དཔྱད་ཁྲ་འདི་པས་གཏན་འཁེལ་བྱས་པའི་དུས་བཅད་དུ་དངུལ་སྤྲོད་པའི་འོས་འགན་མ་བསྒྲུབ་ཚེ།  《དམངས་དོན་གཏུག་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་ཉིས་བརྒྱ་ང་གསུམ་པའི་གཏན་འབེབས་ལྟར་དུས་འགྱང་བྱས་པའི་བུན་སྐྱེད་ལྡབ་འགྱུར་འཇལ་དགོས་པ་བཅས་སོ།

(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)

39.7K