གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༢ཚེས་༢༩ཉིན།

བོད་ཀྱི་གླུ་བྲོའི་ཟློས་གར་《གེ་སར་རྒྱལ་པོའི་རྟ་རྒྱུག་རྒྱལ་འཇོག》ཏུང་དབྱིང་དུ་འཁྲབ་སྟོན་བྱས།

        ཟླ་12ཚེས་27ཉིན་གྱི་དགོང་མོར། རྨ་ཆུའི་ཆུ་འགོ་གནས་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་བཏོད་པའི་གླུ་བྲོའི་ཟློས་གར་《གེ་སར་རྒྱལ་པོའི་རྟ་རྒྱུག་རྒྱལ་འཇོག》དེ་རྨ་ཆུ་རྒྱ་མཚོར་འབབ་ཡུལ་ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་གྱི་ཞུའེ་ལེན་ཟློས་གར་ཁང་ཆེན་མོར་འཁྲབ་པ་རེད། ཆ་རྒྱུས་བྱུང་བ་ལྟར་ན། ཟློས་གར་དེ་ནི་ཇོ་རུ་སྐྱེས་པ་དང་། འཚར་ལོངས་བྱུང་བ། རྟ་རྒྱུག་རྒྱལ་འཇོག་བཅས་སྐོར་གྱི་མི་སྣ་དང་གཏམ་རྒྱུད་རབ་དང་རིམ་པ་བརྗོད་བྱར་བྱས་ཏེ་ཇོ་རུ་ཁྲི་ལ་བཞུགས་པའི་སྐབས་ཀྱི་རྨ་ཆུའི་ཆུ་འགོའི་དུས་སྟོན་མང་པོ་སྤེལ་བའི་བྱེད་སྒོ་དང་། དམངས་སྲོལ་གོམས་གཤིས། བོད་མི་རིགས་ཀྱི་རིག་གནས་བཅས་བསྟན་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1