གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༩ཚེས་༠༥ཉིན།

༄༅།། དངོས་རྫས་ཀྱི་རིན་གོང་ལྟར་རྐུ་མཁན་ལ་ཁྲིམས་ཆད་ག་འདྲ་གཅོད་དགོས།

 གྱོད་དཔེ། 
        2015ལོའི་ཟླ་3པའི་ཚེས་10ཉིན་གྱི་ཞོགས་པར་ང་རང་དུས་རྒྱུན་དང་འདྲ་བར་སྔ་མོ་ནས་མལ་ལས་ལངས་ཏེ་དགོན་པའི་འདུ་ཁང་ལ་སོང་། འདུ་ཁང་གི་སྒོ་ཁར་ཐོན་དུས་ཟྭ་བཅག་ཡོད་པ་པ་དང་འདུ་ཁང་ནང་གི་ལྷ་སྐུ་དང་ཐབ་ག་རྩ་ཆེན། ད་དུང་སྐུ་གདུང་སྟེང་གི་བྱུ་རུ་ལ་སོགས་པའི་རིན་པོ་ཆེ་མང་པོ་ཞིག་རྐུ་ལ་ཤོར་འདུག  ཕྱིས་སུ་ང་ཚོས་དོན་དེ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་ནས་དངོས་རྫས་ཀྱི་རིན་གོང་བསྡོམས་རྩིས་བྱས་པ་ན་ཕལ་ཆེར་སྒོར་འབུམ་གཅིག་ལ་སླེབས་འདུག 
 ལོའི་དེའི་ཟླ་10པར་ཉེན་རྟོག་པས་ས་ཆ་ཞན་ནས་རྐུས་མ་ལྔ་འཛིན་བཟུང་བྱས་ཡོད་པ་དང་དེའི་ནང་ང་ཚོའི་དགོན་པར་རྐུ་བྱེད་མཁན་གྱི་མི་གཉིས་ཡོད་ཟེར། དེས་ན་མི་དམངས་ཁྲིམས་ཁང་གིས་རྐུན་མ་ཚོར་ཁྲིམས་ཆད་གང་འདྲ་ཞིག་གཅོད་དགོས། 
གྱོད་དོན་དབྱེ་ཞིབ།
        རྐུན་མ་དེ་དག་གི་བྱ་སྤྱོད་དེས་ཐུན་མོང་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་བས་རྐུ་ཁྱེར་གྱི་ནག་ཉེས་གྲུབ་ཡོད་ཅིང་ཉེས་འགན་འཁུར་དགོས།《ཉེས་ཁྲིམས།》ཀྱི་དོན་ཚན་264པའི་གཏན་ཁེལ་ལྟར་ན། གཞུང་སྒེར་གྱི་རྒྱུ་ནོར་ཅུང་འབོར་ཆེན་ནམ་ཡང་ན་གྲངས་མང་རྐུ་ཁྱེར་བྱས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་3མན་དང་འབྲེལ་ཏེ་དངུལ་ལ་ཆད་གཅོད་རྒྱུ་དང་། རྒྱུ་ནོར་འབོར་ཆེན་རྐུ་ཁྱེར་བྱས་པར་དུས་བཀག་བཙོན་འཇུག་ལོ་3ནས་ལོ་10བར་གྱི་ཉེས་ཆད་གཅོད་པར་མ་ཟད་དངུལ་ཆད་ཀྱང་གཅོད་དགོས། རྒྱུ་ནོར་ཤིན་ཏུ་འབོར་ཆེན་རྐུ་ཁྱེར་བྱས་པར་དུས་བཀག་བཙོན་འཇུག་ལོ་10འམ་ཚེ་བཙོན་གྱི་ཉེས་ཆད་གཅོད་པར་མ་ཟད་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་གཅོད་དགོས།           གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་པར་མ་ཟད་རྒྱུ་ནོར་གཞུང་བཞེས་བྱེད་དགོས། 
གཅིག དངུལ་ཁང་ངམ་གཞན་པའི་དངུལ་ལོ་སྡེ་ཁག་ནས་རྒྱུ་ནོར་ཤིན་ཏུ་འབོར་ཆེན་རྐུ་ཁྱེར་བྱས་པ། 
གཉིས། རིགས་དངོས་རྩ་ཆེན་རྐུ་ཁྱེར་བྱས་པའི་ནག་ཉེས་ཚབས་ཆེན་རིགས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ།》གྱི་དོན་ཚན་117པའི་ནང་གཏན་ཁེལ་ལྟར་དངོས་རྫས་རྣམས་ཕྱིར་སློག་དགོས། རྐུ་ཁྱེར་བྱས་པའི་རྐྱེན་གྱིས་གནོད་འཚེ་ཕོག་མཁན་ལ་གྱོང་གུད་གཞན་དག་ཐེབས་ཚེ་དེ་དག་གི་སྐྱིན་ཚབ་ཀྱང་སྤྲོད་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1