གཙོ་ངོས།>> གནས་མཇལ།>>ཡུལ་སྐོར་ཟིན་བྲིས།

ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༦ཚེས་༢༣ཉིན།

༄༅།། མཚོ་བྱང་ཁུལ་མདའ་བཞི་དམངས་སྲོལ་སྡེ་བའི་ཡུལ་སྐོར་མཛེས་ལྗོངས།

  མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་དམངས་སྲོལ་སྡེ་བ་ནི་གསེར་དངུལ་ཐང་མཛེས་ལྗོངས་སུ་ཆགས་ཡོད་ཅིང་། ཁུལ་གནས་པའི་ནུབ་མཚོ་གྲོང་རྡལ་དང་སྤྱི་ལེ་1གི་སར་ཡོད་ལ། འགྲིམ་འགྲུལ་སྟབས་བདེ་ཡིན། ནུབ་མཚོ་གྲོང་རྡལ་ནི་མཚོ་སྔོན་པོ་ཡུལ་སྐོར་ལམ་ཐིག་གི་ཡུལ་སྐོར་བ་འདུ་འབྲེལ་བྱེད་སའི་གནས་དང་ཞབས་ཞུ་ལྟེ་གནས་ཡིན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྐོར་གཅིག་ཐིག་གསུམ་དང་ཁུལ་ཡོངས་ཀྱི་ 28315 ཡུལ་སྐོར་སྔོག་འདོན་སྒྲིག་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན།
  གནས་འདིར་ཕྱོགས་བཞི་གངས་རིས་བསྐོར་ཞིང་དཀྱིལ་དབུས་ནི་ཐང་ཡངས་ཤིང་བདེ་ལ། རྩྭ་ཆུ་འཛོམས་ཤིང་རང་བྱུང་མཛེས་ལྗོངས་ཁྱད་དུ་འཕགས། གཡའ་དག་པའི་ནམ་མཁའ་དང་སྔོ་ལྗང་ལྗང་གི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་གྱིས་ཕྱོགས་བཞིར་ཁྱབ་ཅིང་སྦྲ་གུར་དཀར་ལམ་མེར་སྣང་བའི་རྣམ་པ་འདིས་དམངས་སྲོལ་སྡེ་བ་འདིའི་སྔོག་འདོན་གསར་སྐྲུན་ཐད་ཡུལ་སྐོར་གྱི་ཁོར་ཡུག་དང་རྟགས་མཚན་ཁྱད་པར་བསྐྲུན།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1