གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༦ཚེས་༠༡ཉིན།

༄༅།། སྲིང་བལ་དབྱུག་གུས་རྣ་སྐྱག་དྲུས་ན་རྣ་བའི་ཉན་ནུས་ལ་གནོད།


  ཁྱོད་ཀྱིས་རྣ་ལ་ཟ་འཁྲུག་ལངས་དུས་ཅི་ཞིག་བྱ་ངེས་ཡིན།   མི་མང་ཆེ་ཤོས་ཀྱིས་སྲིང་བལ་དབྱུག་གུ་བཀོལ་ཏེ་རྣ་ནང་དུ་བཏང་ནས་རྣ་སྐྱག་ལེན་ངེས་ཡིན་པ་མ་ཟད།   རྣ་སྐྱག་ལངས་ཚར་དུས་ད་གཟོད་ཚོར་སྣང་ཞིག་ལ་སྐྱོན་མེད་པར་ངོས་བཟུང་ཡོད།   གལ་ཏེ་ཁྱོད་ཀྱིས་རྒྱུན་པར་འདི་ལྟར་བྱ་རྒྱུ་ཡིན་ན།  ཁྱོད་ཀྱིས་ངེས་པར་དུ་གོམས་གཤིས་འདི་བསྒྱུར་ན་འགྲིག་འདུག  

  དོན་དངོས་ཐོག   ཁྱོད་ཀྱིས་རྣ་སྐྱག་འགའ་ཤས་ཕྱིར་དྲུད་ཡོང་ན་ཡང་།   རྣ་སྐྱག་འགའ་ཤས་ནི་རྣ་བའི་ནང་དུ་བརྫངས་ཡོད་པ་རེད།   དེར་མ་ཟད་རྣ་སྐྱག་དེ་དག་ནང་དུ་དེད་ན་རྣ་སྐྱི་ལ་འབྱར་སྲིད་པ་དང་།   རྣ་སྐྱི་འདར་འགུལ་བྱུང་ན་ད་གཟོད་ང་ཚོས་ཕྱི་རོལ་གྱི་སྒྲ་ཐོས་ཐུབ་པ་ཡིན་པས།  རྣ་སྐྱག་དེ་དག་ནང་གི་རྣ་སྐྱི་ལ་འབྱར་བས་ན་ཉན་ཤུགས་ལ་གནོད་པ་གཏོང་གི་ཡོད།   
  མི་མང་ཆེ་ཤོས་ཀྱིས་རྣ་སྐྱག་ནི་མི་གཙང་བ་ཞིག་བཙོག་པོ་ཞིག་ལ་ངོས་བཟུང་ཡོད་ཀྱང་།   དོན་དངོས་ཐོག་རྣ་སྐྱག་ལ་འབུ་ཕྲ་ཕྱི་རུ་འདེད་པའི་ནུས་པ་ལྡན་ཡོད།    དེར་མ་ཟད་སྣ་སྐྱག་ནི་སྐྱུར་བའི་རང་བཞིན་ཡང་ལྡན་པ་ཞིག་ཡིན་སྟབས་འབུ་ཕྲའི་རིགས་སྐྱེས་པ་ཡང་འགོག་ཐུབ་ཀྱི་ཡོད།   གཞན་རྣ་སྐྱག་གིས་རྣ་ནང་དུ་ལྷུང་བའི་སྐྲ་ཐུང་དང་།   ས་རྡུལ་སོགས་བཀག་ནས་ང་ཚོས་ཟས་བལྡད་དེ་མྱིད་པ་དང་ཡང་ན་ཀླད་གཡལ་རྒྱག་དུས་དངོས་པོ་དེ་དག་རྣ་ནང་ལས་མར་ལྷུང་འགྲོ་བ་ཡིན།   

  དེ་བས་ཆེད་ལས་མཁས་པས་ལྷན་རྒྱས་ནས་གང་འདོད་ཀྱིས་རྣ་སྐྱག་ལེན་མི་རུང་བའི་དྲན་སྐུལ་བྱས་ཡོད་པས་ཀུན་གྱི་ཐུགས་ལ་འཇགས་པར་འཚལ། །   

《བདེ་ཆེན་བོད་ཡིག་ཚགས་པར།》ལས་བཤུས།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1