གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༥ཚེས་༣༠ཉིན།

༄༅།། ཁ་ཆེམས་འདི་གཉིས་ལས་གང་ལ་ནུས་པ་ཡོད།

གྱོད་དོན།

  ངེད་ཚང་གི་ཨ་མ་ལོ་ངོ་ཉི་ཤུའི་སྔོན་དུ་རྫོང་མཁར་དུ་ཡོང་ནས་འཚོ་བ་རོལ་མགོ་བརྩམས་ལ། ལོ་ངོ་དུ་མའི་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་ད་ལྟ་ཁོ་མོར་རྫོང་ཐོག་ན་ཚོང་ཁང་གཉིས་ཡོད། 2005ལོའི་ཟླ་3པར། ཁོ་མོས་ཁ་ཆེམས་ཤིག་བཞག་ལ་དེའི་ནང་དུ་ཚོང་ཁང་གཅིག་ངས་ཤུལ་འཛིན་བྱ་རྒྱུ་དང་ཚོང་ཁང་གཞན་དེ་ངའི་ཨ་ཅེ་ཡིས་ཤུལ་འཛིན་བྱ་རྒྱུའི་ཁ་ཆད་བཞག་ཡོད་པར་མ་ཟད། ཁ་ཆེམས་དེ་གཞུང་དཔང་ཡང་བྱས་པ་རེད། 2007ལོའི་ལོ་སྟོད་ཀྱི་ཉིན་ཞིག་བྱ་བ་ག་གེ་མོའི་ཆེད་དུ་ངས་ཨ་མར་ཁ་རྩོད་དྲག་པོ་བྱས་པས་ཁོ་མོ་ཁོང་ཁྲོ་ཆེན་པོ་སྐྱེས། ལོ་དེའི་ཟླ་10པར། ཨ་མས་ཡང་བསྐྱར་ཁ་ཆེམས་ཤིག་བཞག་ལ་དེའི་ནང་དུ་མོ་ཚེ་ལས་འདས་རྗེས་ཚོང་ཁང་གཉིས་ཀ་ཨ་ཅེ་ལ་དབང་བ་བྲིས་ཡོད་པར་མ་ཟད། སྔོན་ཆད་བཞག་པའི་ཁ་ཆེམས་དེ་ལ་ནུས་པ་མེད་པ་གསལ་བཤད་ཀྱང་བྱས་ཡོད། ད་ལོའི་ཟླ་5བའི་ཉིན་ཞིག་ལ་ངའི་ཨ་མ་ཚེ་ལས་འདས་ཤིང་། ངས་ཨ་མས་ཐེངས་རྗེས་མར་བཞག་པའི་ཁ་ཆེམས་དང་གཞུང་དཔང་བྱས་པའི་ཁ་ཆེམས་གཉིས་ལས་གང་ལ་ནུས་པ་ཡོད་པ་མ་ཤེས།

གྱོད་དོན་དབྱེ་ཞིབ།

  གཞུང་དཔང་བྱས་པའི་ཁ་ཆེམས་ལ་ནུས་པ་ཡོད། རང་རྒྱལ་ ཤུལ་འཛིན་བཅའ་ཁྲིམས།》ཀྱི་གཏན་ཁེལ་ལྟར་ན། རང་གིས་བྲིས་པ་དང་གཞན་ལ་ཚབ་འབྲི་བྱེད་དུ་བཅུག་པ། སྒྲ་ལེན་པ། ཁ་ཐོག་ནས་བཞག་པའི་གཞུང་དཔང་བྱས་པའི་ཁ་ཆེམས་བཅོས་སྒྱུར་དང་མེད་པར་བཟོ་མི་ཆོག གཏན་ཁེལ་འདི་ལ་གཞིགས་ན། ཁྱོད་ཀྱི་ཨ་མས་ཡང་བསྐྱར་རང་གིས་དངོས་སུ་ཁ་ཆེམས་བཞག་པར་མ་ཟད། ཁ་ཆེམས་ནང་སྔོན་ཆད་བཞག་པའི་ཁ་ཆེམས་ནུས་མེད་ཡིན་ཞེས་གསལ་བཤད་བྱས་ཡོད་མོད། འོན་ཀྱང་གཞུང་དཔང་བྱས་པའི་ཁ་ཆེམས་ཀྱི་ནུས་པ་ཅུང་མཐོ་བས། རྣམ་པ་གཞན་དག་གི་ཁ་ཆེམས་ཀྱིས་དེ་བཅོས་སྒྱུར་དང་མེད་པར་བཟོ་མི་ཐུབ། དེ་བས་སྔོན་ཆད་ཀྱི་ཁ་ཆེམས་ལ་ནུས་པ་མེད་པའི་གསལ་བཤད་བྱས་ཡོད་ཀྱང་གཞུང་དཔང་བྱས་པའི་ཁ་ཆེམས་ཀྱི་ནུས་པ་མེད་པར་གཏོང་མི་ཐུབ། དེའི་རྐྱེན་གྱིས་གཞུང་དཔང་བྱས་པའི་ཁ་ཆེམས་ནུས་ཡོད་ཡིན་པས་ཁྱོད་ལ་ད་དུང་ཨ་མའི་ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆའང་ཡོད་དོ། །


      རམས་ཚེ་བྷོ་དང་སྐལ་བཟང་རྒྱལ་གྱིས་སྒྲིག་སྒྱུར་བྱས་པའི་《གྱོད་དོན་དབྱེ་ཞིབ་ཆིག་བརྒྱ་མ།》ལས་བཤུས། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1