གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༥ཚེས་༠༩ཉིན།

༄༅།། རྩོམ་པ་པོས་རང་ཉིད་ཀྱི་རྩོམ་གཅིག་རྩོམ་སྒྲིག་ཁང་མང་པོར་བསྐུར་ཚོག་གམ།

གྱོད་དོན།

  ང་ནི་སློབ་གྲྭ་ཆེན་མོ་ཞིག་ཏུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཞིག་ཡིན་ལ།  ང་ཆུང་དུས་ནས་རྩོམ་འབྲི་རྒྱུར་ཧ་ཅང་དགའ་བས་དུས་རྒྱུན་དུ་ཚགས་པར་ཁང་དང་དུས་དེབ་ཁང་སོགས་སུ་རྩོམ་མང་པོ་སྐུར་བཞིན་ཡོད་ཅིང་།  རྩོམ་ཁ་ཤས་ཤིག་དེ་དག་གི་སྟེང་བཀོད་ཀྱང་མྱོང་།  ཡིན་ན་ཡང་།  མཚམས་ལན་རེར་ངས་བསྐུར་བའི་རྩོམ་ཡིག་ཚགས་པར་དང་དུས་དེབ་སྟེང་མི་འགོད་པ་ཧ་ཅང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད།  དེའི་རྐྱེན་གྱིས་ངས་རྩོམ་གཅིག་ཚགས་པར་ཁང་དང་དུས་དེབ་ཁང་གང་མང་ལ་བསྐུར་ཏེ་རང་ཉིད་ཀྱི་རྩོམ་དེའི་འགོད་ཚད་ཇེ་མཐོར་གཏོང་བཞིན་ཡོད་མོད།  འོན་ཀྱང་ངས་འདི་ལྟར་བསྒྲུབས་ན་རང་རྒྱལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་མཐུན་མིན་དང་རང་ལ་ཐོབ་འོས་པའི་རྩོམ་ཡོན་ལེན་ཐུབ་མིན་ཐད་ཀྱི་གནས་ཚུལ་ཅི་ཡང་མི་ཤེས།   

གྱོད་དོན་དབྱེ་ཞིབ།  

   རང་རྒྱལ་《གན་རྒྱའི་བཅའ་ཁྲིམས།》ཀྱི་གཏན་ཁེལ་ལྟར་ན།  བརྩམས་ཆོས་བདག་དབང་མི་སྣས་ལས་ཁུངས་གང་ཞིག་ལ་རྩོམ་ཡིག་བསྐུར་བའི་བྱ་སྤྱོད་དེ་ནི་ཁ་ཆད་ཅིག་ཏུ་གཏོགས་ལ།  དཔེ་སྐྲུན་ལས་ཁུངས་ཀྱིས་རྩོམ་ཡིག་གང་ཞིག་འགོད་པར་འཐད་ལ་ནི་ཁས་ལེན་ཞིག་ཡིན།  འོན་ཀྱང་ཚགས་པར་ཁང་དང་དུས་དེབ་ཁང་གིས་བརྩམས་ཆོས་བདག་དབང་མི་སྣ་ཐམས་ཅད་ཀྱི་བར་དུ་དཔེ་སྐྲུན་གན་རྒྱ་འཇོག་རྒྱུ་ནི་དཀའ་ངལ་ཆེ་བའི་ལས་ཤིག་རེད།  བཅའ་ཁྲིམས་སྟེང་ནས་གླེང་ན།  རྩོམ་གཅིག་འབྲེལ་ཡོད་ལས་ཁུངས་མང་པོར་བསྐུར་བ་གཏན་འགོག་བྱེད་ཀྱིན་མེད་པས་དཔེ་སྐྲུན་ལས་ཁུངས་ཀྱིས་ཀྱང་རྩོམ་གཅིག་ལས་ཁུངས་མང་པོར་བསྐུར་བར་ཁ་གཡར་ནས་རྩོམ་ཡོན་མ་བྱིན་ན་མི་ཆོག 《 བརྩམས་ཆོས་བདག་དབང་བཅའ་ཁྲིམས།》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན།  བརྩམས་ཆོས་བདག་དབང་མི་སྣས་ཚགས་པར་ཁང་དང་དུས་དེབ་ཁང་ལ་རྩོམ་སྐུར་དུས།  རྩོམ་དེ་བསྐུར་བའི་ཉིན་ནས་བཟུང་ཉིན་15ཡི་ནང་དུ་ཚགས་པར་ཁང་གིས་རྩོམ་དེ་འགོད་པར་ཐག་བཅད་པའི་བརྡ་སྦྱོར་མ་འབྱོར་བའམ་ཡང་ན་རྩོམ་དེ་བསྐུར་པའི་ཉིན་ནས་བཟུང་ཉིན་30ཡི་ནང་དུ་དུས་དེབ་ཁང་གིས་རྩོམ་དེ་འགོད་པར་ཐག་བཅད་པའི་བརྡ་སྤྱོད་མ་འབྱོར་ན། སྔོན་གྱི་རྩོམ་དེ་གཞན་པའི་ཚགས་པར་ཁང་དང་དུས་དེབ་ཁང་ལ་བསྐུར་ཆོག  གོང་གི་གཏན་ཁེལ་ལ་གཞིགས་ན།  བརྩམས་ཆོས་བདག་དབང་མི་སྣས་རང་ཉིད་ཀྱི་རྩོམ་གཅིག་ལས་ཁུངས་ཁ་ཤས་ལ་བསྐུར་ན་ཉིན་15 དང་ཉིན་30ཡི་དུས་བཅད་གཏན་འཁེལ་དང་མཐུན་དགོས་ལ།  གལ་ཏེ་དེ་ལས་ལྡོག་ན་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འགལ་བ་ཡིན།  གཞན་ཡང་།  དཔེ་སྐྲུན་ལས་ཁུངས་ཀྱི་དུས་རྒྱུན་དུ་རང་ཉིད་ཀྱི་ཚགས་པར་དང་དུས་དེབ་སྟེང་རྩོམ་གང་ཞིག་བེད་སྤྱོད་བྱས་ཟིན་ན་དེའི་བརྩམས་ཆོས་བདག་དབང་དཔེ་སྐྲུན་ལས་ཁུངས་ལ་དབང་བ་ཡིན་ཞེས་གསལ་བསྒྲགས་བྱ་དགོས།  འདི་ལྟ་བུའི་གསལ་བསྒྲགས་ལ་བརྩམས་ཆོས་བདག་དབང་མི་སྣར་ཚོད་འཛིན་བྱེད་པའི་ནུས་པ་མེད།  །

རམས་ཚེ་བྷོ་དང་སྐལ་བཟང་རྒྱལ་གྱིས་སྒྲིག་སྒྱུར་བྱས་པའི་《གྱོད་དོན་དབྱེ་ཞིབ་ཆིག་བརྒྱ་མ།》ལས་བཤུས། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1