གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༢ཉིན།

བུ་མོས་རང་གི་ཨ་ཕའི་འགན་ལེན་བྱས་པའི་ས་ཞིང་ཤུལ་འཛིན་བྱས་ན་ཆོག་གམ།

གྱོད་དཔེ།
 སྡེ་བ་ག་གེ་མོའི་སྡེ་མི་དབང་ལོ་ལོ་30ནང་ཆུང་མ་ཚེ་ལས་འདས།བུ་མོ་གཅིག་ཡོད་ པའང་རང་དང་སྡེ་བ་གཅིག་པའི་ཕོ་གསར་ཚེ་རིང་ལ་ཆུང་མར་བྱིན།དབང་ལོ་ཆུང་དུས་ ནས་ལས་ལ་བརྩོན་ཞིང་སྤྱང་གྲུང་ལྡན་པ་ཞིག་ཡིན་པས།ཁོས་རང་གི་ཡོད་ཚད་ས་ཞིང་གི་ སྟེང་དུ་བསྟིམས་ནས་སིལ་སྡོང་འདེབས་འཛུགས་ཀྱི་དཔེ་ཆ་མང་པོར་བལྟས་པ་མ་ཟད། ཉམས་མྱོང་དང་གཞུང་ལུགས་གཉིས་ཟུང་འབྲེལ་བྱས་ཏེ། སྡེ་བའི་ས་ཞིང་མུའུ་བཞི་འགན་ གཙང་ལེན་བྱས་ནས་སིལ་སྡོང་བཙུགས།ཕྱི་ལོ་སིལ་སྡོང་རྣམས་ཀྱི་རྩ་བ་རྒྱས་ནས་འབྲས་བུ་སྨིན་ལ།ལོ་རེར་དཔལ་འབྱོར་གྱི་ཡོང་སྒོ་མི་ཉུང་བ་ཞིག་བཙལ་ཐུབ་པ་བྱུང་། འཆི་བ་ནམ་ ཡོང་ཆ་མེད་ཅེས་པ་བཞིན་རིང་བོ་མ་འགོར་བར་དབང་ལོ་ལ་གློ་བུར་བའི་ནད་ཅིག་བྱུང་ ནས་ཚེ་ལས་འདས།ལོ་དེར་དབང་ལོ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བཞག་པའི་ས་ཞིང་འགན་གཙང་ལེན་གྱི་གན་རྒྱའི་དུས་ཚོད་ཐོན་པར་ད་དུང་ལོ་ལྔ་ཡོད། སྡེ་ དམངས་ཨུ་ཡོན་ལྷན་ཁང་གིས་དབང་ལོ་ཚེ་ལས་འདས་སོང་བས་ཁོས་འགན་གཙང་ལེན་ བྱས་པའི་ས་ཞིང་ལ།ད་དུང་གན་རྒྱའི་ལོའང་ལོངས་མེད་པས་དེ་མོ་ལ་མུ་མཐུད་དུ་ཨ་ཕའི་ས་ཞིང་འགན་ལེན་གྱི་ཤུལ་འཛིན་བྱེད་པའི་ཁེ་དབང་ཡོད་པར་བཤད།སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་མོ་ནི་གནས་ཡུལ་འགྲིམས་ཟིན་པའི་བུ་མོ་ཞིག་ཡིན་པས་ཁེ་དབང་མེད་པར་བཤད།

ཁྲིམས་བཤད།
འགན་གཙང་ལེན་གྱི་བདག་གཉེར་ཁེ་དབང་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་འོག་གི་རྣམ་པ་གསར་བའི་རྒྱུ་ནོར་འབྲེལ་བའི་རིགས་ཤིག་རེད།《དམངས་ཁྲིམས་སྤྱི་
སྲོལ》གྱི་ཐག་བཅད་གཞིར་བཟུང་ན།འགན་གཙང་ལེན་བྱས་པའི་ས་ཞིང་དེ་ཤུལ་འཛིན་
བྱས་ཆོག འགན་གཙང་ལེན་བྱས་པའི་ཤུལ་འཛིན་ཁེ་དབང་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ ཐོབ།རང་རྒྱལ་གྱི《ཤུལ་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བའི་ནང་མི་སྒེར་གྱི་འགན་
གཙང་ལེན་བྱས་ན་ཐོབ་འོས་པའི་སྒེར་གྱི་ཁེ་ཕན་དེ་《ས་ཞིང་དོ་དམ་བཅའ་ཁྲིམས》ནང་
གཏན་ཁེལ་བྱས་པ་བཞིན་ཤུལ་འཛིན་བྱེད་དགོས། མི་སྒེར་གྱིས་འགན་གཙང་ལེན་བྱས་པ་ དེ་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་ཤུལ་འཛིན་མཁན་གྱིས་མུ་མཐུད་དུ་འགན་གཙང་ལེན་བྱས་ཆོག་ལ། འགན་གཙང་ལེན་གྱི་གན་རྒྱའི་ནང་དོན་ལྟར་བསྒྲུབ་དགོསཞེས་གཏན་ ཁེལ་བྱས་ཡོད།གལ་ཏེ་འགན་གཙང་ལེན་མཁན་འགན་གཙང་ལེན་བྱེད་བཞིན་པའི་སྐབས་ཚེ་ལས་འདས་རྗེས། འགན་གཙང་ལེན་བྱེད་མཁན་གྱི་ཤུལ་འཛིན་མཁན་གྱིས་མུ་མཐུད་དུ་ འགན་གཙང་ལེན་བྱས་ཆོག
དབང་ལོའི་བུ་མོས་བཏོན་པའི་རེ་བ་དེ་ཁྲིམས་མཐུན་ཡིན་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཀྱང་ཐོབ་ངེས། མོས་རང་གི་ཨ་ཕས་བཞག་པའི་གན་རྒྱའི་དུས་ཚོད་ཐོན་རག་བར་དུ་ འགན་གཙང་ལེན་བྱས་ཆོག འགན་གཙང་ལེན་བྱེད་པའི་སྐབས།མོར་འགན་གཙང་ལེན་ གྱི་གན་རྒྱའི་ནང་བཞག་པའི་གཏན་ཁེལ་ལག་བསྟར་བྱེད་པའི་འོས་འགན་ཡང་ཡོད།





39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1