གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༢ཉིན།

གན་རྒྱའི་ནང་དོན་བཅོས་སྒྱུར་བྱེད་ན་ཆ་རྐྱེན་གང་དག་ཚང་དགོས།

གྱོད་དཔེ།
སྡེ་མི་ཀླུ་རྒྱལ་སོགས་ཁྱིམ་ཚང་བདུན་གྱིས་Aསྡེ་བའི་སིལ་ར་ཞིག་འགན་གཙང་ལེན་བྱས་ལ།གན་རྒྱའི་ནང་ལོ་རེའི་ལོ་སྟོད་ལ་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་འགན་ལེན་གྲོན་དངུལ་སྟེར་བའི་ཁ་ཆད་བཞག ལོ་གཅིག་ལ་ལག་བསྟར་བྱས་རྗེས་སྡེ་དམངས་ཨུ་ཡོན་ལྷན་ ཁང་གི་ཀྲུའུ་རིན་གྱིས་ཡི་གེ་ཞིག་བྲིས་ཏེ་སིལ་ར་འགན་གཙང་ལེན་བྱས་པའི་ཁྱིམ་ཚང་ བདུན་པོར་བཤད་རྒྱུར།ལོ་རེའི་ལོ་སྟོད་ལ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཡིག་ཐོག་གི་ རྣམ་པས་བརྡ་སྦྱོར་བྱས་རྗེས་ཁྱིམ་ཚང་བདུན་པོ་འགན་ལེན་དངུལ་སྟེར་དུ་ཡོང་དགོས་ཟེར། ཀླུ་རྒྱལ་སོགས་ཁྱིམ་ཚང་བདུན་པོས་ཀྱང་ཡིག་ཐོག་གི་བརྡ་སྦྱོར་ལྟར་སྡེ་དམངས་ཨུ་ཡོན་ ལྷན་ཁང་ལ་འགན་ལེན་དངུལ་སྤྲད་པ་ཡིན། ལོ་གཉིས་ཀྱི་རྗེས་སུ་སྡེ་དམངས་ཨུ་ཡོན་ལྷན་ ཁང་གི་ཀྲུའུ་རིན་དང་ཨུ་ཡོན་འདེམས་པའི་ཐད་རྩོད་གླེང་བྱུང་བས་ལོ་དེར་བརྡ་སྦྱོར་རྒྱག་མཁན་གྱི་ཀྲུའུ་རིན་དང་ཨུ་ཡོན་སོགས་མ་བྱུང་ལ་འགན་ལེན་གྲོན་དངུལ་སྟེར་མཁན་ཡང་མ་བྱུང་།ལོ་གཅིག་གི་རྗེས་སུ་ད་གཟོད་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གསར་བ་འདེམས་ཐོན་བྱུང་ཞིང་སྐབས་ཐོག་དེར་གནས་ཚུལ་མི་ཤེས་པའི་རྐྱེན་གྱིས་འགན་ལེན་ ཕྱོགས་ལ་འགན་ལེན་གྲོན་དངུལ་མ་བསླངས།ལོ་མཇུག་ཏུ་རྩིས་ཐོ་ལ་རྩད་ཞིབ་བྱེད་དུས་ཀླུ་རྒྱལ་སོགས་ཀྱིས་ལོ་གཉིས་ལ་འགན་ལེན་གྲོན་དངུལ་མ་སྤྲད་པ་ཤེས་པས། སྤོ་ཐོག་ནས་ འགན་ལེན་ཕྱོགས་ཀྱིས་འགན་ལེན་གྲོན་དངུལ་སྟེར་བ་ལས་ད་དུང་གན་རྒྱའི་ནང་ཁ་ཆད་བྱས་པའི་ཉིན་གཅིག་ལ་བརྒྱ་ཆའི་གཅིག་གི་ཆད་པ་སྟེར་བའི་དོན་ཚན་ལྟར་ཆད་སྒོར་སྟེར་དགོས་པར་མ་ཟད། འགན་ལེན་གན་རྒྱ་མེད་པར་བཟོ་རྒྱུ་ཡིན་ཟེར། འགན་ལེན་ཕྱོགས་ཀྱི་ བསམ་པར་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཅིག་ནས་བརྡ་སྦྱོར་མ་བྱས་ལ་ཡང་ཅིག་བཤད་ན་ཀྲུའུ་རིན་གསར་བ་འདེམས་ཐོན་མ་བྱུང་བས་སྟེར་སའང་མི་འདུག ད་ལྟ་ ལོ་མཇུག་ལ་ཐོན་ཡོད་ཅིང་གན་རྒྱའི་ཁ་ཆད་ལྟར་ན་ལོ་རེའི་ལོ་སྟོད་ལ་སྟེར་རྒྱུ་བྱས་ཡོད་ པས་འགན་ལེན་ཕྱོགས་ཁ་ཆད་དང་འགལ་བ་མ་ཡིན་པར་སྡེ་དམངས་ཨུ་ཡོན་ལྷན་ཁང་ གིས་བརྡ་སྦྱོར་མ་བྱས་པ་རེད་འདོད། ཀྲུའུ་རིན་གསར་བས་བཤད་རྒྱུར་སྔོན་ཆད་ཀྱི་སྡེ་ དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གྲོས་བསྡུར་མ་བརྒྱུད་དེ་ཡི་གེ་བྲིས་པ་ནི་ཁོ་རང་ཉིད་ཀྱི་བྱ་སྤྱོད་ཅིག་ཡིན་པས་སྡེ་དམངས་ཨུ་ཡོན་ལྷན་ ཁང་གིས་ཚབ་བྱེད་མི་ཐུབ་ཟེར། ཁོ་ཚོས་རང་རང་གི་བསམ་ཚུལ་རྒྱུན་འཁྱོངས་བྱས་མཐར་ སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་ཁྱིམ་ཚང་དེ་ཚོ་ཁྲིམས་ཁང་ལ་གཏུག་སྟེ་ འགན་ལེན་ཕྱོགས་ཀྱི་འགན་ལེན་གྲོན་དངུལ་དང་ཁ་ཆད་དང་འགལ་བའི་ཆད་སྒོར་བཅས་སྟེར་རྒྱུ་ལས་ད་དུང་གན་རྒྱ་མེད་པར་བཟོ་རྒྱུའི་རེ་བ་བཏོན། འོན་ཀྱང་ཁྲིམས་ཁང་གིས་ མཐུག་མཐར་ཐག་བཅད་པ་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འགན་ལེན་ཕྱོགས་ཀྱིས་ ལོ་གཉིས་ལ་མ་བྱིན་པའི་འགན་ལེན་གྲོན་དངུལ་ལས་གཞན་བླངས་མི་ཆོག་ལ།སྔར་བཞག་པའི་སིལ་རའི་འགན་ལེན་གན་རྒྱར་མུ་མཐུད་དུ་ནུས་པ་ཡོད་ཟེར།

ཁྲིམས་བཤད།
གན་རྒྱའི་བཅའ་ཁྲིམས་དང་དམངས་ཁྲིམས་སྤྱི་སྲོལ་སོགས་ཀྱི་གཏན་ཁེལ་ལྟར་ན།གན་རྒྱ་ལག་བསྟར་བྱེད་པའི་ཁྲོད་དེའི་ནང་དོན་དོ་བདག་ཕྱོགས་སོ་སོས་གྲོས་བསྡུར་བྱས་
ཏེ་བསམ་ཚུལ་གཅིག་གྱུར་བྱུང་རྗེས་བཅོས་སྒྱུར་བྱས་ཆོག ཆེས་མཐོ་མི་དམངས་ཁྲིམས་ ཁང་གི་ཞིང་ལས་འགན་ལེན་གན་རྒྱའི་རྩོད་གླེང་གྱོད་གཞིའི་གནད་དོན་ཞིབ་བཤེར་བྱེད་ པའི་ཐག་གཅོད་ཀྱི་དོན་ཚན་23པར་གཏན་ཁེལ་གསལ་བོ་བྱས་དོན། འགན་ལེན་གན་རྒྱའི་དོ་བདག་པས་གན་རྒྱའི་ཁྲོད་རྩོད་གླེང་འབྱུང་སླ་བའི་དོན་ཚན་ཡོད་ཚེ།མི་དམངས་ཁྲིམས་ཁང་གིས་ཞིང་ལས་འགན་ལེན་གན་རྒྱའི་རྩོད་གླེང་གྱོད་གཞི་ཞིབ་བཤེར་བྱེད་དུས་རྒྱབ་ སྐྱོར་མི་བྱེད།མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་བྱེད་དུས།གཏུག་མཁན་གྱིས་གན་རྒྱའི་ནང་ལོ་རེའི་ལོ་སྟོད་དུ་འགན་ལེན་གྲོན་དངུལ་སྟེར་བའི་ཁ་ཆད་བཞག་པའི་བྱེ་བྲག་གི་ཟླ་ཚེས་དང་གོ་རིམ་མི་གསལ།སྔར་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་གོམ་གང་མདུན་སྤོས་སྒོས་ལོ་རེའི་ལོ་སྟོད་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཡིག་ཐོག་ནས་བརྡ་ སྦྱོར་བྱས་རྗེས། འགན་ལེན་གྲོན་དངུལ་སྟེར་བ་དེ་ནི་གན་རྒྱའི་ཁ་ཆད་ཀྱི་བྱེ་བྲག་གི་ཁ་ གསབ་ཅིག་རེད། དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན་36པའི་གཏན་ཁེལ་ལྟར་ན། ཁྲིམས་ མི་ནི་དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ནུས་པ་ཡོད་པ་དང་།ཁྲིམས་ལྟར་སྒེར་ཚུགས་ཀྱིས་དམངས་དོན་ཁེ་དབང་དང་། དམངས་དོན་འོས་འགན་ལོངས་སྤྱོད་ བྱེད་པའི་རྩ་འཛུགས་ཤིག་ཡིན།         སྡེ་དམངས་ཨུ་ཡོན་ལྷན་ཁང་གཏན་ཁེལ་འདི་དང་
མཐུན་པ་མ་ཟད་དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན་37པར་གཏན་ཁེལ་བྱས་པའི་ཆ་
རྐྱེན་བཞིའང་འཛོམས་པས་ཁྲིམས་མི་ཡིན། དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན་38པའི་ གཏན་ཁེལ་ལྟར་ན། བཅའ་ཁྲིམས་སམ་ཡང་ན་ཁྲིམས་མི་རྩ་འཛུགས་སྒྲིག་སྲོལ་གྱི་གཏན་ ཁེལ་ལྟར་ན། ཁྲིམས་མིའི་ཚབ་བྱས་ཏེ་ལས་འགན་ལག་བསྟར་བྱེད་པའི་འགན་ཁུར་མི་ནི་ ཁྲིམས་མིའི་ཁྲིམས་བཀོད་ལས་ཚབ་མི་ཡིན། གོང་གི་བཅའ་ཁྲིམས་དང་སྡེ་དམངས་ཨུ་ཡོན་ ལྷན་ཁང་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན།སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བཀོད་ལས་ཚབ་མི་ཡིན། Aསྡེ་བའི་ སྔོན་གྱི་ཀྲུའུ་རིན་གྱིས་སིལ་ར་འགན་ལེན་བྱས་པའི་ཁྱིམ་ཚང་ཚོར་ཡིག་ཐོག་ནས་བརྡ་སྦྱོར་བྱས་པ་ནི། ཁྲིམས་བཀོད་ལས་ཚབ་མི་ཡི་ལས་འགན་ལག་བསྟར་བྱས་པ་ཡིན་པས་སྡེ་ དམངས་ཨུ་ཡོན་ལྷན་ཁང་གི་ཁེ་ཕན་ལ་གནོད་འཚེ་མི་ཐེབས། དེ་བས། མི་དམངས་ཁྲིམས་ ཁང་གིས་འགན་ལེན་གན་རྒྱའི་ཁྲོད་ཀྱི་འགན་ལེན་གྲོན་དངུལ་སྟེར་དུས་ཀྱི་དོན་ཚན་ལ་ བཅོས་བསྒྱུར་བྱས་པ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འགན་ལེན་ཕྱོགས་གཉིས་ཀྱིས་ལོ་གཉིས་ལ་མ་བྱིན་པའི་འགན་ལེན་གྲོན་དངུལ་སྟེར་བར་རེ་བ་བཏོན་པར་རྒྱབ་སྐྱོར་བྱེད་པ་ལས་གཞན་པའི་གཏུག་བཤེར་ཕྱིར་འཐེན་བྱས་པ་རེད། སྔར་གྱི་འགན་ལེན་གན་རྒྱ་མུ་ མཐུད་དུ་ལག་བསྟར་བྱེད་དགོས། ཞིང་སྡེའི་ས་ཞིང་འགན་ལེན་བཅའ་ཁྲིམས་ཀྱི་དོན་ཚན་ 24པའི་གཏན་ཁེལ་ལྟར་ན། འགན་ལེན་གན་རྒྱར་ནུས་པ་ཐོན་རྗེས་འགན་སྤྲོད་མཁན་ གྱིས་འགན་སྒྲུབ་མཁན་ནམ་ཡང་ན་འགན་འཁུར་མཁན་བརྗེ་བསྒྱུར་བྱས་པ་དང་བསྟུན་ ནས་ཀྱང་གན་རྒྱ་ལ་བཅོས་བསྒྱུར་བྱེད་པ་དང་མེད་པར་བཟོ་བ་སོགས་བྱས་མི་ཆོག དེའི་ རྐྱེན་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གཏུག་བཤེར་འདིས་ཕམ་ཁོ་ཐག་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1