གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༢ཉིན།

སྒེར་གཉེར་བཟོ་ཚོང་གི་བྱེད་སྒོ་སྤེལ་ན་ངེས་པར་དུ་བཟོ་ཚོང་ཐོ་འགོད་ བྱེད་དགོས་སམ།

གྱོད་དཔེ།
2000ལོ་ནས་བཟུང་ཧུའུ་ཀྲུའུ་རྫོང་གི་ཞིང་བ་སྦྱིན་པ་ཞོར་ལས་ལས་སོང་ནས་སྒོར་མོ་བསགས་རྗེས།ད་ལོའི་ཟླ་4པར་པེ་ཅིན་རྟགས་ཅན་གྱི་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས་ནས་གྲོང་ཁྱེར་དང་ཞིང་སྡེ་བར་དུ་འགྲོ་འོང་བྱས་ཏེ་སྐྱེལ་འདྲེན་བྱས། ཉིན་ཞིག་ལ།ས་དེའི་ བཟོ་ཚོང་དོ་དམ་ལས་ཁུངས་ཀྱིས་སྦྱིན་པ་བཙལ་ནས་བཤད་དོན། སྒེར་གཉེར་བཟོ་ཚོང་གི་ བྱེད་སྒོ་སྤེལ་ན་ངེས་པར་དུ་བཟོ་ཚོང་ཐོ་འགོད་བྱེད་དགོས་ཤིང་།གལ་ཏེ་ཐོ་འགོད་མ་བྱས་པར་ཚོང་ལས་གཉེར་ན་ཁྲིམས་འགལ་ཡིན་ཞེས་བཤད་པར་མ་ཟད།ད་དུང་སྦྱིན་པ་ལ་བཟོ་ཚོང་ཐོ་འགོད་འབྲེལ་ཡོད་སྐོར་གྱི་འགྲོ་ལུགས་ཁ་གསབ་བྱེད་དགོས་པའི་རེ་བ་བཏོན།

ཁྲིམས་བཤད།
སྦྱིན་པ་བཟོ་ཚོང་ཅུའུ་ལ་སོང་ནས་སྐྱེལ་འདྲེན་སྐོར་གྱི་ཁེར་གཉེར་བཟོ་ཚོང་གི་འགྲོ་ལུགས་ཁ་གསབ་བྱེད་དགོས། སྡོད་གནས་དེ་གའི་བཟོ་ཚོང་སྲིད་འཛིན་ལས་ཁུངས་ལ་ལས་ གཉེར་ཐོ་འགོད་བྱེད་པའི་རེ་འདུན་ཞུ་དགོས་ཤིང་། བཟོ་ཚོང་ལས་ཁུངས་ཀྱིས་ཞིབ་བཤེར་ ཆོག་མཆན་བརྒྱུད་ནས་ལག་འཁྱེར་འཛིན་ཡིག་སྟེར་དགོས།ཚོང་གཉེར་གྱི་ལག་ཁྱེར་བླངས་རྗེས་ད་གཟོད་ལས་གཉེར་བྱས་ཆོགརྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་《ཞིང་སྡེ་ཁེར་གཉེར་བཟོ་ཚོང་ལས་རིགས་སྐོར་གྱི་གཏན་འབེབས་འགའ》ཡི་དོན་ཚན་
2པའི་ནང་དུ་ཞིང་སྡེ་སྡོད་དམངས་ཁེར་གཉེར་བཟོ་ཚོང་གཉེར་མཁན་གྱིས་ངེས་པར་དུ་ ས་དེ་གའི་ཐོན་སྐྱེད་རུ་ཁག་གམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་དཔང་ཡིག་བཟུང་སྟེ་སྡོད་གནས་དེ་གའི་བཟོ་ཚོང་སྲིད་འཛིན་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་བཀོད་དེ།ཚོང་གཉེར་ལག་འཁྱེར་བླངས་རྗེས་ད་གཟོད་ལས་གཉེར་བྱས་ཆོག གྱོད་གཞི་འདིའི་ནང་དུ། སྦྱིན་པས་བཟོ་ཚོང་གི་ཐོ་འགོད་མ་བྱས་པར་ཚོང་ལས་གཉེར་ན། བཟོ་ཚོང་ཐོ་འགོད་ཀྱི་ གཏན་ཁེལ་དང་འགལ་བ་རེད། ངེས་པར་དུ་འབྲེལ་ཡོད་གྱི་འགྲོ་ལུགས་གསབ་སྒྲུབ་བྱེད་ དགོས། ཁེར་གཉེར་བཟོ་ཚོང་གཉེར་ན་བཟོ་ཚོང་ལས་ཁུངས་སུ་ཐོ་འགོད་བྱེད་དགོས། དེ་ནི་ བཟོ་ཚོང་བྱེད་སྒོ་སྤེལ་ཆོག་པའི་ཐོབ་ཐང་ཡིན། གལ་ཏེ་ཐོ་འགོད་མ་བྱས་ན་དེ་ནི་ཁྲིམས་ འགལ་གྱི་ལས་གཉེར་ཡིན། བཟོ་ཚོང་ལས་ཁུངས་ཀྱིས་སྲིད་འཛིན་ཆད་པ་བཅད་ཆོག




39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1