གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༣ཚེས་༠༩ཉིན།

༄༅།། འགུག་ཤུགས་རླབས་གསར་དུ་རྙེད་པ་ལས་ཅི་ཞིག་མཚོན་ཐུབ།

  ཨ་རིའི་དུས་ཚོད་དེ་སྤྱི་ཟླ་2པའི་ཚེས་11ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་སྟེང་ཨ་རིའི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཚོགས་པས་ཅཱ་ཀྲུའུ་རང་བྱུང་བཟོ་སྐྲུན་རིག་པ་དང་མཱ་ཧྲིང་རང་བྱུང་བཟོ་སྐྲུན་རིག་པའི་དངོས་ལུགས་ཆེད་མཁས་པས་འཛམ་གླིང་ཡོངས་སུ་འགུག་ཤུགས་རླབས་གསར་རྙེད་བྱུང་པ་ཁྱབ་བསྒྲགས་བྱས།

  འགུག་ཤུགས་རླབས་གསར་རྙེད་བྱུང་པ་ལས་སླར་ཡང་ཨེ་དབྱིན་སི་ཐན་གྱིས་ལོ་བརྒྱའི་ཡར་སྔོན་དུ་བཏོན་པའི་ཁྱབ་ཆེའི་ལྟོས་བཅས་སྨྲ་བའི་ལྟ་བ་དང་འགུག་ཤུགས་བར་ཁྱམས་ལས་འགུག་ཤུགས་རླབས་འབྱུང་སྲིད་པའི་སྔོན་དཔག་ར་སྤྲོད་བྱས་པ་རེད།

  འགུག་ཤུགས་རླབས་ཀྱི་གནམ་དཔྱད་རིག་པ་ནི་སྲོལ་རྒྱུན་གྱི་གློག་སྡུད་རླབས་ཀྱི་གནམ་རིག་སྐར་རྩིས་དང་སྐར་ཁམས་འཕྲོ་ཐིག་གི་གནམ་རིག་སྐར་རྩིས། མ་ནིང་རྡུལ་ཕྲན་གྱི་གནམ་རིག་སྐར་རྩིས་བཅས་རྒྱུན་འཛིན་བྱས་ཤིང་མིའི་རིགས་ཀྱིས་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་སྒོ་མོ་གསར་པ་ཞིག་ཕྱེ་ངེས།

  འགུག་ཤུགས་རླབས་ཀྱི་འཚོལ་རྙེད་ལས་ཁྱབ་ཆེའི་ལྟོས་བཅས་སྨྲ་བ་བརྟག་དཔྱད་བྱེད་ཐུབ་པ་བྱུང་བ་དང་། ད་དུང་པར་གཞི་གཞན་པའི་འགུག་ཤུགས་ཀྱི་གཞུང་ལུགས་ཡང་དག་མིན་ལ་ར་སྤྲོད་ཀྱི་ཕན་ནུས་ལྡན་ཞིང་འགུག་ཤུགས་ཚད་རྡུལ་ཅན་གྱི་ཞིབ་འཇུག་ལ་སྐུལ་འདེད་ཐེབས་ཏེ་མཇུག་མཐར་དེ་དག་གཞི་གཅིག་ཏུ་སྦྱར་ཏེ་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཏེ་ཨེ་དབྱིན་སི་ཐན་གྱི་ལྟ་བ་བདེན་དཔང་བྱ་ཐུབ་ངེས། 

  འགུག་ཤུགས་རླབས་ཀྱང་སྐར་ཁམས་ཆེན་པོའི་རླབས་ཕྲེང་གཞན་དང་མཚུངས་ཤིང་ནུས་ཚད་དང་ཆ་འཕྲིན་རང་སྟེང་དུ་བསྡུས་ཡོད། གལ་སྲིད་ང་ཚོས་གློག་རྡུལ་རླབས་ལས་སྐར་ཁམས་འབར་གས་ཆེན་མོའི་ལོ་ངོ་ཁྲི་38རྗེས་ཀྱི་རྣམ་པ་མ་གཏོགས་ཤེས་རྟོགས་བྱེད་མ་ཐུབ་ཚེ་འགུག་ཤུགས་རླབས་ལས་སྐར་ཁམས་འབར་གས་ཆེན་མོའི་ཆེས་ཐོག་མའི་སྐད་ཅིག་མ་དེར་ཕྱིར་ལྟ་བྱས་ཏེ་འབར་གས་ཆེན་མོའི་གཞུང་ལུགས་ཀྱི་ཡང་དག་མིན་ལ་བརྡར་ཤ་གཅད་ཆོག

  རྒྱུས་ལོན་བྱུང་བ་ལྟར་ན། འཛམ་གླིང་ཡང་རྩེར་གྲགས་པའི་བོད་ལྗོངས་མངའ་རིས་ས་ཁུལ་ནི་ཚན་རིག་པ་རྣམས་ཀྱིས་འཇིག་རྟེན་གདོད་མའི་འགུག་ཤུགས་རླབས་འཚོལ་ཞིབ་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད།  ཀྲུང་གོའི་འགུག་ཤུགས་རླབས་ཀྱི་ཞིབ་འཇུག་ལས་མངའ་རིས་ཚོད་ལྟའི་འཆར་གཞི་དེ་ཀྲུང་གོའི་ཚན་རྩལ་གླིང་མཐོ་ནུས་དངོས་ལུགས་ཞིབ་འཇུག་ཁང་གིས་སྣེ་ཁྲིད་ཅིང་རྒྱལ་ཁབ་གནམ་དཔྱད་ཁང་གིས་མངའ་རིས་སུ་བཙུགས་པའི་ལྟ་དཔྱད་ཚད་འཇལ་ས་ཚིགས་ལ་བརྟེན་ནས་འཚོལ་ཞིབ་བྱས་པ་རེད།  འཆར་གཞི་འདིའི་དམིགས་ཡུལ་ནི་ཚོར་བ་སྐྱེན་པོའི་སྒོ་ནས་གདོད་མའི་འགུག་ཤུགས་རླབས་འཚོལ་ཞིབ་བྱས་པ་བརྒྱུད་དུས་སྐབས་སྔ་མའི་སྐར་ཁམས་གས་གཏོར་བྱུང་བའི་གཞུང་ལུགས་ལ་བརྟག་དཔྱད་བྱེད་པ་དེ་རེད། མིག་སྔར་ཞིབ་འཇུག་མི་སྣས་དུས་རིམ་སྔ་མའི་ལས་ཀ་ཁག་དམ་འཛིན་བྱེད་བཞིན་ཨ་རི་དང་འཇར་པན་སོགས་རྒྱལ་ཁབ་ཀྱི་ཚན་རིག་པ་དང་ལྷན་དུ་ཉམས་ཞིབ་བྱེད་བཞིན་འདུག ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1