གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༩ཚེས་༡༦ཉིན།

གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། སི་ཁྲོན་གྱིས་སྲིད་གཞུང་གི་ཞབས་ཞུའི་གཞུང་ལས་ཁང་འཛུགས་རྒྱུའི་སྐོར་ལ་ཞིབ་འཇུག་དང་གསར་འཛུགས་བྱ་རྒྱུ།

       སྤྱི་ཟླ་9བའི་ཚེས་14ཉིན་གྱི་ཞོགས་པར། ཁྲེན་ཏུའུ་ཏུའུ་ཡོན་སྲང་ལམ་ཨང་30པ་ཞིང་ཆེན་སྲིད་གཞུང་གི་ར་བའི་ནང་། སི་ཁྲོན་ཞིང་ཆེན་གྱི་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པའི་བཞུགས་མོལ་ཚོགས་འདུ་འཚོག་འགོ་ཚུགས། ཞིང་དཔོན་ཝེ་ཧུང་དང་ངོ་ཐུག་གདོང་འཕྲད་བྱེད་མཁན་ནང་སི་ཁྲོན་ཁྲང་ཧུང་དང་། ཅིའུ་ཀྲོའུ་གློག་རྡུལ། ཧྥུའུ་ཧྲི་ཁོང་། ཨིན་ཐི་ཨར། སི་ཁྲོན་སློབ་ཆེན་གྱི་ཀྲི་ཧྲིན་སོགས་གློག་རྡུལ་ཆ་འཕྲིན་ཁེ་ལས་གྲགས་ཅན་གྱི་འགན་ཁུར་བ་དང་། དེ་བཞིན་ཆེད་ལས་ནང་གི་ཆེད་རམས་པ་མང་པོ་ཡོད། 
       གློག་རྡུལ་ཆ་འཕྲིན་ཐོན་ལས་ལ་དོ་ཁུར་ཆེན་པོ་ཐོབ་དོན་ཅི་ཡིན་ནམ། གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་བཟོ་སྐྲུན་ལས་རིགས་ཀྱི་བཟོ་ལས་ཀྱི་འཕར་ཚད་ཇེ་དལ་དུ་སོང་ཡོད་མོད། འོན་ཀྱང་ཐོན་ལས་དེའི་བརྟན་བརླིང་འཕེལ་རྒྱས་ཀྱི་ནུས་པར་འགྱུར་ལྡོག་བྱུང་མེད་པ་དང་། ཆ་འཕྲིན་གསར་བརྗེ་སྣེ་ཁྲིད་བྱེད་པའི་གོ་གནས་ལ་འགྱུར་ལྡོག་བྱུང་མེད། སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྟེ་བའི་འཕར་གནས་བྱས་པའི་གློག་རྡུལ་ཆ་འཕྲིན་ཐོན་ལས་དེས་སི་ཁྲོན་གྱི་ད་ལྟའི་དུས་རིམ་གྱི་བརྟན་པོའི་འཕེལ་རྒྱས་དང་དཔལ་འབྱོར་གོང་འཕེལ་གྱི་རྒྱང་རྒྱུག་ཡག་པོ་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། སྔོན་དཔག་བྱས་ན་2020ལོར་སླེབས་སྐབས། སི་ཁྲོན་གྱི་གློག་རྡུལ་ཆ་འཕྲིན་ཐོན་ལས་ཀྱི་གཙོ་གཉེར་ལས་སྒོར་སྒོར་དུང་ཕྱུར་12000ལ་ཟིན་རྒྱུ་རེད། 
       ཁེ་ལས་ལ། མི་ཤུགས་ཀྱི་འགྲོ་སོང་མཐོ་རུ་ཕྱིན་པ་མགྱོགས་དྲགས་པས། སྲིད་གཞུང་གིས་རྒྱུན་མཐུད་ནས་གསར་གཏོད་བྱེད་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱེད་པར་རེ་འདུན་ཆེ།
       འཕར་ཚད་དལ་དུ་འགྲོ་བའི་གཏིང་རིམ་གྱི་རྒྱུ་རྐྱེན་གཙོ་བོ་ནི་ཅི་ཞིག་ཡིན་ནམ། ཐོན་ལས་ཚང་སྒྲིག་ཡོད་ཚད་རེ་འདུན་དང་མི་མཐུན་པ་རྣམས་ཐག་གཅོད་གང་འདྲ་བྱ་དགོས་སམ། སྲིད་ཇུས་གང་དག་དུས་ཐོག་ཏུ་དོན་འཁྱོལ་བྱུང་མེད་པ་སོགས། ཁ་སང་། ཞིང་དཔོན་ཝེ་ཧུང་གིས་གཞི་གྲངས་ཀྱི་དཔྱད་གཞིའི་ཡིག་ཆ་ཤོག་བམ་ཞིག་བཟུང་ནས། སྙན་ཞུ་ལ་ཉན་ཞོར་དུ། གནད་དོན་བཏོན་པ་རེད། ཁོང་གི་ཁ་གཏད་དུ་བསྡད་ཡོད་པ་ནི་སི་ཁྲོན་ཁྲང་ཧུང་དང་། ཅིའུ་ཀྲོའུ་གློག་རྡུལ། ཧྥུའུ་ཧྲི་ཁོང་། ཨིན་ཐི་ཨར། སི་ཁྲོན་སློབ་ཆེན་གྱི་ཀྲི་ཧྲིན་སོགས་གློག་རྡུལ་ཆ་འཕྲིན་ཁེ་ལས་གྲགས་ཅན་གྱི་འཐུས་མི་དག་ཡིན། ཁོང་གིས་འཐུས་མི་འདི་དག་གི་དྲིས་ལན་ཁྲོད་ནས་ད་ལྟའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཆ་འཕྲིན་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏང་ཐུབ་པའི་རེ་བ་བཏོན། 
       སི་ཁྲོན་སློབ་ཆེན་གྱི་ཏ་ཀྲི་ཧྲིན་ལ་འཕྲད་པའི་གནས་ཚུལ་དེ་ལ་མཚོན་བྱེད་གྱི་རང་བཞིན་ལྡན་པ་རེད།འགན་ཁུར་བ་དེས་རེ་བ་གསུམ་བཏོན་ཡོད་པ་སྟེ། ཐོག་མར་སྔར་ལས་ལྷག་པར་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ནས། ས་གནས་དེ་གའི་གློག་རྡུལ་ཆ་འཕྲིན་ཐོན་རྫས་ཀྱི་ཉོ་སྒྲུབ་ལ་སྐུལ་འདེད་གཏང་ཐུབ་པའི་རེ་བ་བཏོན་པ་དང་ཆབས་ཅིག་ཏུ། སྲིད་གཞུང་གིས་མུ་མཐུད་དུ་གསར་གཏོད་བྱེད་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་ཅིང་། གསར་གཏོད་ཅན་གྱི་ཁེ་ལས་ལ་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱས་ཏེ་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བཏོན། མཇུག་ཏུ། དམག་དམངས་མཉམ་འདྲེས་ཀྱིས་འབོད་སྐུལ་དང་ལེན་བྱས་ནས། དམག་དམངས་ཐོན་ལས་སྦྲེལ་མཐུད་ཀྱི་མནའ་འབྲེལ་འཛུགས་ཐུབ་པའི་རེ་བ་བཏོན། 
       ཆེད་རམས་པ་དག་གིས། དངུལ་རྩའི་ཞབས་ཞུ་ལས་རིགས་རྗེས་ལུས་ཡིན་པ་དང་། སྲིད་གཞུང་གིས་ཧུར་བརྩོན་བྱས་ཀྱང་། དངུལ་ཁང་གིས་རེ་བ་སྐོང་མི་ཐུབ་པ།
     སྲིད་གཞུང་གིས། ཆེད་མངགས་གཞུང་དོན་ཁང་བཙུགས་ནས་རྣམ་གྲངས་དོན་འཁྱོལ་གྱིས་གྲོས་མཐུན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ།
       ཐེངས་འདིའི་ཚོགས་འདུ་ཆུ་ཚོད་གསུམ་རིང་རྒྱུན་མཐུད་བྱས་པ་དང་། འཐུས་མི་ཡོངས་རྫོགས་ཀྱི་གཏམ་བཤད་ལ་ཉན་རྗེས། ཞིང་དཔོན་ཝེ་ཧུང་གིས་བསྟན་དོན། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་མདུན་དུ། གློག་རྡུལ་ཆ་འཕྲིན་ཐོན་ལས་ཀྱི་འཕར་ཚད་ཇེ་དལ་དུ་ཕྱིན་ཡོད་མོད། འོན་ཀྱང་ཐོན་ལས་འདིའི་བརྟན་བརླིང་འཕེལ་རྒྱས་ཀྱི་ནུས་པར་འགྱུར་ལྡོག་བྱུང་མེད་ལ། ཆ་འཕྲིན་གསར་བརྗེ་སྣེ་ཁྲིད་ཀྱི་གོ་གནས་ལ་འགྱུར་ལྡོག་བྱུང་མེད། རྗེས་ཕྱོགས་སུ་སི་ཁྲོན་ཞིང་ཆེན་གྱིས་གློག་རྡུལ་ཆ་འཕྲིན་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིབ་འཇུག་བྱས་ཏེ་ཆེད་ལས་ཅན་གྱི་སྲིད་གཞུང་གི་ཞབས་ཞུའི་གཞུང་དོན་ཁང་འཛུགས་རྒྱུ་ཡིན། ནང་འདྲེན་ཚད་ཇེ་ཆེར་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་པར་བརྒྱུད། གྲོས་མཐུན་རྣམ་གྲངས་ཀྱི་དོན་འཁྱོལ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱ་དགོས། འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མིས་མ་དངུལ་བསྡུ་རུབ་བྱེད་པའི་དཀའ་ངལ་སེལ་རོགས་ཐག་གཅོད་བྱ་རྒྱུའི་རེ་འབོད་ལ་དམིགས་ཏེ། ཝེ་ཧུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ད་ཡོད་དངུལ་རྩའི་ཐོན་ཁུངས་སླར་གསོ་བྱ་རྒྱུ་དང་། སྲིད་ཇུས་དང་མ་དངུལ་བར་གྱི་ཕན་ཚུན་འབྲེལ་མཐུད་ཡག་པོ་གྲུབ་ཏུ་འཇུག་རྒྱུ་ཡིན་ཞེས་བསྟན།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1