གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༩ཚེས་༡༦ཉིན།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་བཅུ་དྲུག་པར་གཙོ་སྐྱོང་གནང་།

     སྤྱི་ཟླ་9པའི་ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏོང་ཟབ་ཏུ་གཏོང་བའི་འགི་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་བཅུ་དྲུག་པར་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་གསུང་དོན། སྒོ་འབྱེད་ཀྱིས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་ལག་ལེན་དཔེ་བཟང་ཡིན་ཞིང་། བསྒྱུར་བཅོས་དང་སྒོ་འབྱེད་ནི་གཅིག་ཕན་གཅིག་གྲོགས་དང་ཕན་ཚུན་སྐུལ་འདེད་ཀྱི་འབྲེལ་བ་དམ་ཟབ་ཡོད་དེ། བསྒྱུར་བཅོས་ལ་སྒོ་འབྱེད་དང་སྒོ་འབྱེད་ལ་བསྒྱུར་བཅོས་བྱེད་པ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། ངེས་པར་ཏུ་བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་དང་། སྔར་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཕྱི་རྒྱལ་མ་རྩ་དང་ཕྱི་ཕྱོགས་ལག་རྩལ་ནང་འདྲེན་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་སྒྲིག་གཞི་དང་ནང་རྐྱེན་འཐུས་ཚང་དུ་གཏང་ནས། སྒོ་འབྱེད་རྒྱ་བསྐྱེད་ལས་བསྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་དང་། བསྒྱུར་བཅོས་ཟབ་སྤེལ་ལས་སྒོ་འབྱེད་རྒྱ་བསྐྱེད་ལ་སྐུལ་འདེད་གཏང་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས་ལ། གསོན་ཤུགས་གསར་པ་བསྐྲུན་ཞིང་། རྒྱ་ཆེ་བའི་བར་སྟོང་གསར་པ་གཏོད་དགོས། །

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་གཞོན་པ་ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཞུགས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1