གཙོ་ངོས།>> གནས་མཇལ།>>ཡུལ་སྐོར་ཟིན་བྲིས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༩ཚེས་༡༥ཉིན།

༄༅།། ཡུལ་སྐོར་ཟིན་བྲིས།

  དེ་རིང་ནི་དབྱར་གནང་གི་ཉིན་གཉིས་པ་ཡིན།  ང་ཚོ་རླང་འཁོར་ཆུང་ཆུང་ཞིག་ལ་བསྡད་དེ་ཟི་ལིང་གི་རི་དྭགས་ར་བའི་ནང་དུ་སོང་།  ང་ཚོས་སྟག་དང་སང་གེ  རྔ་མོང་།  དོམ།  སྤྱང་ཀི་སོགས་ད་དུང་མིང་མི་ཤེས་པའི་རི་དྭགས་མང་པོ་ཞིག་མཐོང་བྱུང་ལ། རྡོའི་ཕ་བོང་ཞིག་གི་ཐོག་ཏུ་སེང་གེའི་ཨ་མ་ཞིག་གིས་རང་གི་ཕྲུ་གུ་སྟེ་སེང་ཕྲུག་གཉིས་ལ་ནུ་མ་ལྡུད་པ་དང་སེང་ཕྲུག་གཉིས་ཀྱང་དྲོད་ཁོལ་ལྡན་པའི་ཨ་མའི་པང་དུ་ཞིམ་མངར་ལྡན་པའི་འོ་མ་འཐུང་བཞིན་ཡོད།  སྟག་གཉིས་ཀྱིས་གློ་བུར་དུ་ཕན་ཚུན་འཐབ་རེས་བྱེད་པ་དང་གདུབ་རྩུབ་ཆེན་པོས་ཕན་ཚུན་ལ་མཆོང་རེས་བྱས་ཏེ་རང་རང་གི་ནུས་པ་ཡོད་དགུས་རྒྱལ་ཁ་ལེན་ཅི་ཐུབ་བྱས།  གདུག་རྩུབ་ཅན་གྱི་སྤྱང་ཀི་རྩྭ་ཐང་དུ་ཡོད་པ་ལྟ་བུའི་བློ་བདེ་བག་ཕེབས་ཞིག་མིན་པ་དང་རི་དྭགས་ར་བའི་ནང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད། ཧ་ཅང་སྒྱིད་ལུག་བྱེད་པར་དགའ་བའི་དོམ་ཞིག་ཡར་ལངས་བ་དང་གཉིད་མ་སད་ཀྱི་ངོ་ལ་ལྡབ་ལྡིབ་ཀྱི་ཉམས་ཤིག་ཤར་ཏེ་འགྲོ་བཞིན་ཡོད།

  ཕྱི་དྲོར།  ང་ཚོ་མི་དམངས་སྤྱི་གླིང་དུ་རྩེ་རུ་སོང་བ་ཡིན།  སྒོ་ཆེན་ནང་དུ་ཡར་འཛུལ་མ་ཐག་དུ་ཐོག་མར་རྣ་ལམ་དུ་ཐོས་པ་ནི་བྱིས་པ་ཚོའི་སྤྲོ་སྐྱིད་ལྡན་པའི་དགོད་སྒྲ་དང་ཨ་མ་རྣམས་ཀྱི་བྱམས་བརྩེ་ལྡན་པའི་བགོད་སྒྲ་ཡིན་ལ།  མིག་ལམ་དུ་མངོན་པ་ནི་ངོ་མཚར་ཅན་གྱི་རྩེད་ཆས་སྣ་ཚོགས་རེད།   དེ་ནས་ང་ཚོ་གྲུ་ཆུང་ལ་བསྡད་པ་ཡིན།  གྲུ་ཆུང་དེ་ཨ་སྔོན་ནམ་མཁའི་དབྱངས་སུ་འཕུར་བ་དང་འདྲ་བར་གནམ་ལ་མཆོང་ནས་ཡང་ཕྱིར་ཆུ་ནང་དུ་བབས།  དེ་ལྟར་ང་ཚོ་རྩེ་ཆས་སྣ་ཚོགས་ལ་བརྩེས་རྗེས་ཟ་ཁང་དུ་ཟ་མ་ཟ་རུ་སོང་བ་ཡིན། ཟ་མ་མང་པོ་དབྱིབས་དང་བྲོ་བ་མི་འདྲ་ལ་ཕུན་སུམ་ཚོགས་པ་ཞིག་རེད།  ང་ཚོས་ཟས་མ་མྱོང་བའི་ཟ་མ་རྣམས་ཀྱི་བྲོ་བ་ལ་མྱང་བཞིན་དགོད་བྲོ་བའི་དོན་དག་མང་པོ་ཁ་བརྡ་བྱས་པ་ཡིན།  ལྟ་སྐོར་བྱས་རྗེས་ངའི་སེམས་ལ་དེང་སྐབས་ཀྱི་འཚོ་བ་ཇེ་བཟང་དུ་སོང་ཡོད་པ་དང་ཚན་རིག་ལག་རྩལ་དར་བས་ང་ཚོ་མི་ཞིག་ལ་ལྟ་རྒྱ་ཐོས་རྒྱ་ཡོད་དགོས་པ་དང་ཤེས་རིག་སྦྱང་དགོས་པ་ཤེས་ལ།  གལ་ཏེ་ཤེས་རིག་མ་སྦྱང་ན་རང་ཉིད་ནམ་ཡང་ཁྲོན་པའི་ནང་གི་སྦལ་བ་དང་མཚུངས་ཤིང་།  རང་ཉིད་གནས་སའི་ས་རྒྱ་ཆུང་ཆུང་དེ་མ་གཏོགས་ཕྱི་རོལ་གྱི་ངོ་མཚར་བའི་འཇིག་རྟེན་ནམ་ཡང་མཐོང་མི་ཐུབ་པའི་ངེས་ཤེས་རྙེད་ལ་ཤེས་རིག་ནི་གལ་ཆེ་བའང་ཞོར་ནས་ཤེས་སོང་།   གལ་ཏེ་ང་ཚོ་ཚང་མས་འབད་པ་ལྷོ་མེད་ཀྱིས་རིག་གནས་སྦྱངས་ཏེ་ཕ་ཡུལ་གསར་བ་འཛུགས་སྐྲུན་དང་མེས་རྒྱལ་གསར་འཛུགས་བསྐྲུན་བྱེད་པར་བྲེལ་ན་ང་ཚོའི་འཚོ་བ་སྔར་ལས་ལྷག་པའི་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་གདོན་མི་ཟའོ། དའི་རྐྱེན་ཀྱིས་ཤེས་རིག་སྦྱང་དགོས། ཤེས་རིག་སྦྱང་ན་ཁྱོད་རང་ཉིད་དམ་ཕ་མ། ཕ་ཡུལ། མེས་རྒྱལ་བཅས་ཚང་མར་ཕན་པ་རྒྱ་ཆེན་པོ་ལྡན་ནོ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1