གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༡༩ཉིན།

འབྲོག་པའི་སྦྲ་ནག


    འཚོ་བ་མཐོ་སྒང་གི་ལྟེ་བར་གནས་པའི་མཛེས་ཤིང་ཡིད་དུ་འོང་བའི་འོད་དཀར་གྱི་ཕུང་པོ་ཞིག་འདུག ཁྱེད་ནི་འབྲོག་པའི་ལྟོ་གོས་གཉིས་འཛོམས་རོལ་སའི་ལག་རྟེན་དང་སྐྱབས་བཅོལ་ཡིན། ང་ཚོའི་འཕྲིན་ལས་དང་དབང་ཐང་དར་ས་ཡང་ཁྱེད་ཡིན།
    གངས་ཅན་བོད་མིའི་རྗེས་ལུས་ཀྱི་སྤྲིན་ནག རྨོངས་མུན་གྱི་བསམ་པ། ཤེས་མེད་ཀྱི་འབྱུང་གནས།
    སྦྲ་ནག སྦྲ་ནག་ཅེས་བརྙས་སྨོད་ཀྱི་ཚིག་མདའ་སྙིང་ཁོག་ལས་ཐོན་ཞིང༌། མ་འོངས་མཛད་འཕྲིན་མི་གསལ་མུན་གླིང་དུ་འཛིན་པའི་མཚན་མོ་ཞིག་ཏུ་མཁྲེགས་པར་སེམས།
སྦྲ་ནག་མི་ལོ་སྟོང་ཕྲག་དུ་མར་ཉིན་མཚན་ཀུན་ཏུ་ཆར་རླུང་གི་འོག་ཏུ་གནས་ལ། གངས་ཅན་བོད་མི་སྟེ། འབྲོག་མི་ཚོའི་ཚེ་སྲོག་གི་སྐྱབས་གནས་དང་རིག་གཞུང་གོང་སྤེལ་གྱི་མཐུན་རྐྱེན་བྱས་པའི་ལན་དུ་ཁྱེད་ལ་བརྟེན།
    སྦྲ་ནག གངས་དཀར་རི་བོའི་ལ་འདབས་སུ་མཆིས་པའི་སྦྲ་ནག་ཁྱེད་ཀྱི་མཐོང་ངམ། རང་རིགས་ལ་ཞེ་མིན་ནག་ཅིང་བརྙས་སྨོད་མི་བྱེད་པའི་བུ་ཕྲུག་ཅིག་གི་མིག་ཟུང་ལས་ཁྱེད་ལ་དུང་གི་མཆི་མའི་ཕྲེང་བ་འཁྱིལ། ཞེན་ཆགས་དང་དུང་སེམས་ཡིན་པའི་རྟགས།
    སྦྲ་ནག ཁྱེད་ནི་གངས་ཅན་བསམ་ཤེས་ཡོངས་ཀྱི་མ་མ་སྟེ། གངས་ཅན་འབྲོག་མི་ཚོའི་ཚེ་སྲོག་གི་མདུན་མ་ཡིན། ལང་ཚོའི་མཚར་སྡུག་གི་གཟུགས་རིས་ཀྱང་ཁྱེད་ཀྱིས་བསྐྲུན། རིག་གཞུང་ཚན་རྩལ་གྱི་འཕེལ་རྒྱས་ཀྱང་ཁྱེད་ལ་རེ། དགེ་འདུན་འཕེལ་འགྲིབ་ཀྱི་ཡོང་སྒོ་ཡང་ཁྱེད་ལ་རག རྒྱལ་ཁབ་ཀྱི་མདུན་སྐྱོད་ཀྱི་མཐུན་རྐྱེན་ཡང་ཁྱེད་ཀྱིས་བསྒྲུབས། ཐོབ་ཐང་དང་དབང་ཆའི་ཕོ་བྲང་ཡང་ཁྱེད་ཀྱིས་བཟོས། སྐྱིད་སྐྱིད་བདེ་བདེ་བྱུང་བ་ཁྱེད་ཀྱི་དྲིན། ངས་ཁྱེད་ཇེ་ལེགས་སུ་བསྐྲུན་པར་འབད་པ་ལས། མཐའ་གཅིག་ཏུ་ཁྱེད་ལ་བརྙས་སྨོད་དང་མཐོང་ཆུང་ནམ་ཡང་མི་བྱེད་དོ། །
    བདག་ཁྱེད་ལ་དུང་་་་་་་་་་་སྦྲ་ནག

39.7K

རྩོམ་ཡིག་སྔོན་མ།
ཤ་བ་སྐེ་རིང་།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1