གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༤ཚེས་༠༧ཉིན།

༄༅། །ཅི་ཞིག་ལ་ཡིག་སྐུར་ངོ་གཏུག་ཟེར། དེར་རྩ་བའི་རྩ་དོན་གང་དག་ཡོད།

           ཡིག་བསྐུར་ངོ་གཏུག་ཅེས་པ་ནི་སྤྱི་དམངས་དང་ཁྲིམས་མིའམ་སྒྲིག་འཛུགས་གཞན་དག་གིས་བཏང་ཡིག་དང་། གློག་ཀླད་བཏང་ཡིག བརྙན་སྐྱེལ། ཁ་པར། ངོ་གཏུག་སོགས་ཀྱི་བྱེད་ཐབས་ཐོག་ནས་རིམ་པ་ཁག་གི་མི་དམངས་སྲིང་གཞུང་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ལས་བྱེད་ཚན་པ་ལ་གནས་ཚུལ་ཡར་ཞུ་བྱེད་པ་དང་། བསམ་འཆར་འདོན་པའམ་ཞུ་གཏུག་གི་རེ་བ་འདོན་པ་བཅས་འབྲེལ་ཡོད་སྲིད་འཛིན་ཚན་པས་ཁྲིམས་ལྟར་ཐག་གཅོད་བྱེད་པའི་ལས་སྒོ་ལ་ཟེར། དོན་ཚན་ནང་གཏན་ལ་ཕབ་པའི་བྱེད་ཐབས་ཐོག་ནས་གནས་ཚུལ་ཡར་ཞུ་བྱེད་མཁན་དང་། བསམ་འཆར་འདོན་མཁན་ནམ་ཡང་ན་ཞུ་གཏུག་རེ་བ་འདོན་མཁན་གྱི་སྤྱི་དམངས་དང་ཁྲིམས་མིའམ་སྒྲིག་འཛུགས་གཞན་དག་ལ་ཡིག་སྐུར་ངོ་གཏུག་བྱེད་མཁན་ཟེར།

           གཅིག ཡིག་སྐུར་ངོ་གཏུག་གི་རྩ་བའི་འོས་འགན་ནི། རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ལས་བྱེད་ཚན་པས་ཡིག་སྐུར་ངོ་གཏུག་གི་ལས་ཀ་ཡག་པོར་བསྒྲུབ་དགོས་པ་སྟེ། ནན་ཏན་གྱིས་ལག་འབྱོར་བྱུང་པའི་གཏུག་ཡིག་ཐག་གཅོད་བྱེད་དགོས་པ་དང་ངོ་གཏུག་ལ་ཡོང་མཁན་སྣེ་ལེན་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་། རེ་བ། བླང་བྱ་བཅས་ལེགས་པར་ཉན་ཞིང་། མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཧུར་བརྩོན་ངང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་པ་དང་ཡིག་སྐུར་ངོ་གཏུག་གི་འབྲེལ་ལམ་འགགས་མེད་བཟོས་ནས་ཡིག་སྐུར་ངོ་གཏུག་བྱེད་མཁན་ལ་སྲོལ་ཡིག་ནང་གཏན་ལ་ཕབ་པའི་བྱེད་ཐབས་ཐོག་ནས་གནས་ཚུལ་ཡར་ཞུ་བྱེད་པ་དང་།བསམ་འཆར་འདོན་པའམ་ཞུ་གཏུག་རེ་བ་འདོན་པ་བཅས་ཀྱི་ཐད་མཐུན་རྐྱེན་བསྐྲུན་རྒྱུ།

           གཉིས། སྒྲིག་འཛུགས་དང་མི་སྒེར་གང་རུང་བས་ཡིག་སྐུར་ངོ་གཏུག་མཁན་ལ་འཁོན་སློག་རྡུང་རྡེག་བཏང་མི་ཆོག་པ་དང་ཡིག་སྐུར་ངོ་གཏུག་གི་ལས་ཀ་དེར་ཁོངས་གཏོགས་ས་ཁོངས་ནང་ཁུལ་དུ་བདག་སྐྱོང་དང་རིམ་པ་ཕྱེ་ནས་འགན་འཁུར་བྱ་རྒྱུ། སུས་གཙོ་འགན་འཁུར་ཡོད་ན་དེས་འགན་དང་ལེན་བྱ་རྒྱུ། ཁྲིམས་སྲོལ་དང་མཐུན་ཞིང་དུས་ལས་ཡོལ་བར་ས་གནས་དེ་གར་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་དང་གོ་སྐོན་སློབ་གསོ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པའི་སྒོ་ནས་ཇུས་ཐག་གཅོད་པ། ཁྲིམས་ལྟར་འགན་འཁྲི་ལྷུར་སྒྲུབ་ཀྱིས་ཡིག་སྐུར་ངོ་གཏུག་དོན་དག་གི་འགལ་བ་དང་རྩོད་གཞི་དེ་འབྱུང་ཁུངས་རང་གནས་སུ་སྔོན་འགོག་བྱ་རྒྱུ།

           གསུམ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་གྱི་འགོ་ཁྲིད་ཡོད་པ་དང་། ཚན་པ་ཁག་མཐུན་སྦྱོར་ཡོད་པ། སྤྱི་འདོམས་ལྟ་རྟོག་ཡོད་པ། ཕྱི་བཅོས་ནང་བཅོས་ཡོད་པ། རང་འགན་རང་འཁུར་དང་མཉམ་འཛིན་མཉམ་སྐྱོང་བྱེད་པ་བཅས་ཀྱི་ཡིག་སྐུར་ངོ་གཏུག་ལས་ཀའི་རྣམ་པ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་། མཉམ་འཛོམས་གྲོས་ཚོགས་འཚོག་པ་དང་། ཞིབ་བཤེར་གོ་འབྱེད་ལམ་ལུགས་འཛུགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་འགལ་བ་རྩོད་པ་དུས་ཐོག་ཏུ་སེལ་འཇགས་བྱ་དགོས་ལ་དེ་བཞིན་ཞང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་ཁག་གིས་ལས་ཀར་ཕན་ཐོགས་ཡོད་པ་དང་ཡིག་སྐུར་ངོ་གཏུག་བྱེད་མཁན་ལ་སྟབས་བདེ་བསྐྲུན་དགོས་པའི་རྩ་དོན་ལྟར་ཡིག་སྐུར་ངོ་གཏུག་ལས་ཀ་འཛིན་མཁན་གྱི་སྒྲིག་གཞིའམ་ཡང་ན་ལས་བྱེད་མི་སྣ་གཏན་འཁེལ་བྱས་ཏེ་ཡིག་སྐུར་ངོ་གཏུག་གི་ལས་ཀ་སྒྲུབ་འགན་དངོས་སུ་འཁུར་དུ་འཇུག་དགོས།

            བཞི་པ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་ཡིག་སྐུར་ངོ་གཏུག་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་འཛུགས་སྐྱོང་བྱས་ནས་ཡིག་སྐུར་ངོ་གཏུག་ལས་ཀའི་ནང་གི་འགན་ཉམས་འཛོལ་བྱུང་པའི་བྱ་སྤྱོད་དག་ལ་གཟབ་ནན་ངང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། སྲོལ་ཡིག་འདིའི་གཏན་འབེབས་བཅས་གཞིར་བཟུང་ནས་དེར་འབྲེལ་བའི་འགན་འཁུར་མི་སྣ་ཁག་འགན་བདའ་འདེད་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཁྱབ་ཁོངས་ངེས་ཅན་གྱི་ནང་དུ་བརྡ་ཁྱབ་གཏོང་རྒྱུ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་ཡིག་སྐུར་ངོ་གཏུག་ལས་ཀའི་གྲུབ་འབྲས་དེ་སྤྱི་ཞབས་པའི་དཔྱད་ཞིབ་ཚད་ལེན་མ་ལག་ནང་དུ་འཇུག་རྒྱུ། ཡིག་སྐུར་ངོ་གཏུག་མཁན་གྱིས་བཤད་པའི་གནས་ཚུལ་དང་བཏོན་པའི་བསམ་འཆར་གང་ཞིག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཐད་ལ་བྱས་རྗེས་ཡོད་པ་ཞིག་ཡིན་ན་འབྲེལ་ཡོད་སྲིད་འཛིན་ཚན་པའམ་ལས་ཁུངས་ཀྱིས་དེ་ལ་བྱ་དགའི་གཟེངས་རྟགས་སྤྲོད་པ་དང་། ཡིག་སྐུར་ངོ་གཏུག་ལས་ཀའི་ནང་དུ་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པའི་ལས་ཁུངས་སམ་མི་སྒེར་ཡང་ན་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ནས་དེ་ལ་བྱ་དགའ་གཟེངས་རྟགས་སྤྲོད་རྒྱུ་བཅས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1