གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༠༧ཉིན།

ཞི་ཅིན་ཕིང་གིས་ཞཱ་མིན་སློབ་ཆེན་བཙུགས་ནས་ལོ་འཁོར་བརྒྱ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་ཞཱ་མིན་སློབ་ཆེན་བཙུགས་ནས་ལོ་འཁོར་བརྒྱ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། དགེ་སློབ་དང་ལས་བཟོ་བ། རྒྱལ་ཁབ་ཕྱི་ནང་གི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས། 
        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ཞཱ་མིན་སློབ་ཆེན་ནི་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་པའི་སློབ་ཆེན་ཞིག་ཡིན་ཞིང་། ལོ་ངོ་བརྒྱའི་རིང་། སློབ་གྲྭས་རྒྱལ་གཅེས་ཕྱི་སྡོད་རང་མི་སྐུ་ཞབས་ཁྲིན་ཅཱ་ཀིན་གྱི་སློབ་འཛུགས་ཕུགས་འདུན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་གཅེས་དང་གསར་བརྗེ། རང་སྟོབས། ཚན་རིག་བཅས་ཀྱི་སློབ་སྲོལ་བཟང་བོ་ཆགས་པར་བྱེད་པ་དང་། མངོན་གསལ་ལྡན་པའི་སློབ་སྒྲུབ་ཁྱད་ཆོས་གསར་བསྐྲུན་སྒོས་ཕུལ་བྱུང་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱས་ནས། རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་བདེ་སྐྱིད། ཀྲུང་ཧྭའི་རིག་གནས་ཕྱི་རྒྱལ་དུ་དྲིལ་སྒྲོག་བྱེད་པ་བཅས་ཀྱི་ཐད་དུ་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཞུད་ལམ་གསར་བ་བཏོད་ཡོད། ཞཱ་མིན་སློབ་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཟོལ་མེད་ཀྱིས་ཀུན་སྤྱོད་བཟང་བོའི་མི་གཤིས་འཛུགས་པའི་གཞི་རྩའི་ལས་འགན་དངོས་འབེབ་བྱས་ཏེ། ཏང་གི་ཆེད་དུ་འཇོན་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པ། བབ་བསྟུན་མདུན་སྐྱོད་ཀྱིས་འཛམ་གླིང་གི་རིམ་པ་དང་པོའི་སློབ་ཆེན་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ས་ཁོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་འཐབ་ཇུས་ནུས་པ་མཐོར་འདེགས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འདྲིལ་ཤུགས་དང་ཡར་ཐོན་སེམས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། 
        ཞཱ་མིན་སློབ་ཆེན་དེ་མིང་གྲགས་ཆེ་བའི་རྒྱལ་གཅེས་ཕྱི་སྡོད་རང་མི་སྐུ་ཞབས་ཁྲིན་ཅཱ་ཀིན་གྱིས་གཅིག་སྟོང་དགུ་བརྒྱ་ཉེར་གཅིག་ལོར་གསར་འཛུགས་བྱས་པ་དང་། ཀྲུང་གོའི་ཉེ་རབས་སློབ་གསོའི་ལོ་རྒྱུས་སྟེང་གི་ཕྱི་སྡོད་རང་མིས་སློབ་སྒྲུབ་བྱས་པའི་སློབ་ཆེན་དང་པོ་རེད། ལོ་ངོ་བརྒྱའི་རིང་ལ། སློབ་གྲྭས་རང་སྟོབས་མི་ཉམས་པར་དགེ་སེམས་བརྩོན་པའི་སློབ་གྲྭའི་གདམ་ངག་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་རང་གི་ལས་འགན་དུ་བྱས་ནས། སྔ་གཞུག་ཏུ་རྒྱལ་ཁབ་ལ་ཕུལ་བྱུང་འཇོན་མི་འབུམ་བཞི་ལྷག་གསོ་སྐྱོང་བྱས་ཏེ། མངོན་པར་གསལ་བའི་སློབ་སྒྲུབ་ཁྱད་ཆོས་ཆགས་ཡོད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1