གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༠༧ཉིན།

སྡེ་རོང་དུ་དཔྱིད་དཔལ་རབ་ཏུ་བཞད།


   ཉེ་ཆར། སི་ཁྲོན་ཞིང་ཆེན་སྡེ་རོང་རྫོང་ཁོངས་ཀྱི་ཆུ་རོང་དང་རི་སྐེད་ཀུན་ཏུ་རི་སྐྱེས་ཁམ་བུའི་མེ་ཏོག་བཞད་ཡོད་ཅིང་། རི་ཀླུང་ཀུན་ཏུ་བཞད་པའི་ཁམ་བུའི་མེ་ཏོག་དང་གངས་རི། གྲོ་ཞིང་། བོད་ཁང་དཀར་པོ་སོགས་ཀྱིས་མཐོ་སྒང་གི་“དབེན་པའི་སྐྱིད་ཚལ་”རི་མོ་མཛེས་པོ་ཞིག་གྲུབ་འདུག

    ལོ་འདི་གའི་རིང་།ས་གནས་དེ་གའི་སྲིད་གཞུང་གིས་“མེ་ཏོག་སྨྱན་བྱེད་”བྱས་ནས། ཁམ་བུའི་མེ་ཏོག་མང་བའི་གྲོང་གསེབ་ཏུ་མཛེས་ལྗོངས་གཟིགས་སྐོར་སྟེགས་བུ་སྐྲུན་ཤུགས་ཆེ་རུ་བཏང་སྟེ། ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ཞབས་ཞུའི་སྒྲིག་ཆས་མུ་མཐུད་ལེགས་བཅོས་བྱས་པར་བརྟེན་ནས་གྲོང་མི་ཚོའི་ཡོང་འབབ་འཕར་སྣོན་གཏོང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲས་བུ་སྲ་བརྟན་དུ་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད།






39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1