གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༠༧ཉིན།

དཀར་མཛེས་ཁུལ་གྱི་ས་གནས་ཁག་གིས་ནགས་ཚལ་དང་རྩྭ་ཐང་ཉེན་མེད་འགོག་ཟོན་ནན་པོ་བྱས།

རང་ཁུལ་གྱི་ས་གནས་ཁག་གིས་ནགས་ཚལ་དང་རྩྭ་ཐང་ཉེན་མེད་འགོག་ཟོན་ནན་པོ་བྱས།

དཔལ་ཡུལ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དྲིལ་བསྒྲགས་ཡིག་རིགས་འགྲེམས་གཏོང་བྱེད་བཞིན་པའི་ཚུལ།


ཉེ་བའི་དུས་རིམ་ནང་རང་ཁུལ་གྱི་ས་གནས་ཁག་གིས་མིར་བཀོད་པ་གཏོང་བ་དང་མེར་དོ་དམ་བྱས་པ། རི་ཐོག་བཀག་བསྡོམས་བྱས་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་ཉེན་མེད་འགོག་ཟོན་ནན་པོ་བྱས་པར་འགན་ལེན་བྱས།

སྡེ་དགེ་རྫོང་གིས་གཙོ་གནད་ས་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་བཀོད་སྒྲིག་ཡག་པོ་བྱས་པ་རེད། གཅིག་ནི་བརྟན་སྲུང་ནན་འགོག་བྱས་ཤིང་། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མེ་ཟོན་བཀའ་རྒྱ་ལག་བསྟར་ནན་པོ་བྱས་ནས“3.30”དུར་མཆོད་དུས་ཚིགས་སོགས་གཙོ་གནད་དུས་ཚིགས་སྐབས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ལ་དམ་པོར་དམིགས་ནས“བྱེད་མི་ཆོག་པ་དྲུག”གི་ལྡོག་མེད་བླང་བྱ་དོན་འཁྱོལ་བྱས་ཏེ་ཕྱི་རོལ་གྱི་མཆོད་འབུལ་དང་མེ་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་རེད། གཉིས་ནི་གོམས་སྲོལ་བསྒྱུར་བ། ཡ་རབས་མཆོད་འབུལ་དར་སྤེལ་ཤུགས་ཆེན་བཏང་བ་དང་ཕྱི་རོལ་གྱི་མེ་ཁུངས་ཚོད་འཛིན་ནན་པོ་བྱས་ནས་མེ་ཏོག་འཚོང་ས3བཟོས་ཡོད། མང་ཚོགས་ཀྱིས་མེ་ཏོག་སོས་པ་འབུལ་བ་དང་དུར་བྱང་གཙང་སེལ་བྱེད་པ།དྲྭ་ཐོག་ནས་མཆོད་འབུལ་བྱེད་པ།དངུལ་བཀག་ཉར་བྱེད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་མྱ་ངན་མཚོན་པ་བྱས་ཏེ་ནགས་ཚལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཉུང་དུ་གཏང་རྒྱུའི་ཁྲིད་སྟོན་བྱས་པ་རེད། གསུམ་ནི་དྲིལ་བསྒྲགས་ལ་དོ་སྣང་ཆེན་པོ་བྱས་པ། རྒྱང་བསྒྲགས་དང་སྐད་འཕྲིན།འདར་དབྱིན་སོགས་ཀྱི་ལས་སྟེགས་སྤྱད་དེ་རིམ་པ་མང་བའི་མེ་གསོད་སྔོན་འགོག་གི་གཏན་འབེབས་དྲིལ་བསྒྲགས་བྱས་ནས་གྲོང་སྡེ་དང་དུད་ཚང་།དགོན་སྡེར་བསྐྱོད་དེ་ཕྱི་རོལ་གྱི་མཆོད་འབུལ་དང་མེ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་གསལ་པོ་བཤད་པ་དང་མེ་ཟོན་གྱི་འཕྲིན་ཐུང་ཁྲི1.5ལྷག་ཙམ་བསྐུར་ནས་མེ་ཟོན་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད་པ་རེད། བཞི་ནི་སྟོབས་ཤུགས་བཏོན་པ། གཙོ་གནད་ས་ཁོངས་ལ་དམིགས་ནས་སྔོན་ལ་ཆེད་ལས་མེ་གསོད་པ36མེ་གསོད་རུ་ཁག15བཀོད་སྒྲིག་བྱས་ཏེ་འཕྲལ་སྡོམ་ཐག་གཅོད་གྲ་སྒྲིག་ཡག་པོ་བྱས་ཡོད་པ་རེད།ཡུལ་ཤོག་དང་གྲོང་རྡལ་གྱི་ཆེད་ལས་ཕྱེད་མའི་མེ་གསོད་རུ་ཁག20ཡི་ལས་གྲྭ་དང་པོར་བསྡད་དེ་སྐོར་གཡེང་ཚོད་འཛིན་བྱས་པ་དང་། ནགས་སྲུང་བ30ཡིས་ལམ་མདོ་དང་རི་སྟེང་དུ་དུར་ས་སྲུང་བ་བཅས་བྱས་ནས་མེ་ཁུངས་ནགས་ཚལ་དུ་འཛུལ་རྒྱུ་ནན་འགོག་བྱས་པ་རེད།

དཔལ་ཡུལ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་སྤེལ་ནས་མེ་ཟོན་དྲིལ་བསྒྲགས་ཐད་ཀུན་གྱིས་ཤེས་པར་བྱས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་།དེ་མིན་ནགས་ཚལ་མེ་འགོག་མཛུབ་སྟོན་གཞུང་ལས་ཁང་གིས་ཞིབ་འཇུག་དང་བཀོད་སྒྲིག་འོག རྫོང་དེས་རྫོང་རིམ་པའི་འབྲེལ་གཏུག་བྱ་ཡུལ་གྱི་ཡུལ་ཤོག(གྲོང་རྡལ)16དང་གཞུང་ཁོངས་ནགས་རའི་ནགས་ཁུལ(འབྲོག་ཁུལ)གཉེར་སྐྱོང་དོ་དམ་ཚན་པ།ཞིང་ཆེན་དང་ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་བྱ་གཞག་ཚན་པ།དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱིས་ཡུལ་གྲོང་ཏང་ཨུ་སྲིད་གཞུང་དང་མཉམ་ལས་བྱས་ནས་གཙོ་གནད་ས་ཁོངས་དང་འགྲོ་འོང་ལམ་མདོ་བཅས་སུ་བསྐྱོད་དེ་གཞུང་ལམ་དང་གློག་སྐུད་བརྒྱུད་ཡུལ། དེ་བཞིན་ཡུལ་སྐོར་མཛེས་ལྗོངས་ཁུལ། གཞུང་ཁོངས་ནགས་རའི་ནགས་ཁུལ(འབྲོག་ཁུལ)གཉེར་སྐྱོང་དོ་དམ་གྱི་གཙོ་གནད་ས་ཁོངས་སོགས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་ཡི་གེ་སྦྱར་བ་དང་བྱང་བུ་བཙུགས་པས་མ་ཚད། མི་སྣ་འཇོན་ཐང་ཅན་སྒྲིག་འཛུགས་བྱས་ནས་སྐོར་སྐྱོད་སྒྲོག་འགྲེལ་རུ་ཁག་དང་ཡང་ན་སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་སྒྲིག་འཛུགས་བྱས་ནས་གཙོ་གནད་ས་ཁོངས་དང་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱས་པར་མ་ཟད་གྲོང་སྡེ་རིམ་པའི་མེ་ཟོན་ཞིབ་བཤེར་ས་ཚུགས90བཀོད་སྒྲིག་བྱས་ནས་གྲལ་བཤེར་དང་ཁ་ཏ་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ཡོད། མེའི་ཉེན་ཁ་ཆེ་བའི་དུས་སུ་མེ་འཁྱེར་ནས་ནགས་ཁུལ(འབྲོག་ཁུལ)དུ་ཐོན་སྐྱེད་ལས་སྒྲུབ་དང་ཡུལ་སྐོར་ལྟ་སྐོར།སྤྲོ་གསེང་སྒར་སྡོད་བཅས་བྱེད་མི་ཆོག་པ་དང་ཡ་རབས་ངང་ཕྱིར་སྐྱོད་དང་།ཡ་རབས་ངང་ཡུལ་སྐོར།ཡ་རབས་ངང་མེ་སྤྱོད་བཅས་བྱ་རྒྱུ་དར་སྤེལ་རྒྱ་ཁྱབ་བཏང་བ་རེད།

འབའ་ཐང་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་རྒྱང་རིང་འབྲོག་ཁུལ་གྱི་དོ་དམ་ཚོད་འཛིན་ནུས་པ་ཆེ་རུ་བཏང་ཡོད་པ་སྟེ། གཅིག་ནི་གནས་སྡོད་དོ་དམ་ཚོད་འཛིན་དང་རྗེས་སྙེག་ཞབས་ཞུའི་ལམ་སྲོལ་བཙུགས་ཡོད་ཅིང་། གཅིག་སྡུད་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཅུང་ཆེ་བའི་ཐག་རིང་འབྲོག་ཁུལ25ལ་བཅའ་སྡོད་ལས་དོན་ཚོ་ཆུང་བཙུགས་ནས་འབྲོག་པ་ཚོ་དང་མཉམ་ཟ་མཉམ་སྡོད་བྱས་པས་མ་ཚད་མདུན་ཕྱོགས་སུ་ལས་རེས་དང་དུས་བཀག་ལྟར་རེས་མོས།དྲིལ་བསྒྲགས་སློབ་གསོ།རྗེས་འདེད་ཞབས་ཕྱི་བཅས་བསྒྲུབ་ཡོད།མི་སྣ་ཅུང་ཉུང་བའི་རྩྭ་ར་ཐར་ཐོར་ཕྱུགས་རིགས་འཚོ་ཡུལ་དེ་དྲྭ་མིག་ཅན་གྱི་དོ་དམ་ནང་བཅུག་ནས་སྐོར་གཡེང་སྐོར་ཞིབ་བྱས། གཉིས་ནི་མཐའ་མཚམས་མཉམ་ལས་ཀྱི་མཉམ་འབྲེལ་སྐོར་ཞིབ་ལམ་སྲོལ་བཙུགས།སྣོལ་མར་སྐོར་གཡེང་དང་ཆ་འཕྲིན་མཉམ་སྤྱོད།ཕན་ཚུན་སྤེལ་རེས་བཅས་ཀྱི་གནས་ཚུལ་ལམ་སྲོལ་བཙུགས་པ་དང་།སྐོར་ཞིབ་མཉམ་ལས་ཀྱི་གྲོས་མཐུན་འཇོག་པ།བདག་ཁོངས་ཐད་རྩོད་གཞི་ཡོད་པའི་ནགས་ཁུལ་དང་རྩྭ་ཐང་དོ་དམ་ལམ་ལུགས་བཟོས། དེ་མིན་འགན་འཁྲིའི་མཐའ་མཚམས་གསལ་པོ་བཟོ་བ་དང་རང་འགན་གཞན་དཀྲི་དང་དོན་མེད་རྩོད་གླེང་གི་རིགས་སྔོན་འགོག་བྱས་ཡོད། གསུམ་ནི་བྱིས་པས་མེ་རྩེད་མོ་རྩེད་དུས་ཉེན་ཟོན་དོ་དམ་ཚོད་འཛིན་བྱེད་པའི་ལམ་སྲོལ་བཙུགས་ཡོད། དུད་ཚང་གཅིག་ལ་མེ་ཁུངས་གཅིག་གི་ལམ་ལུགས་ལག་བསྟར་བྱས་ནས་ཕ་མས་མེ་ཁུངས་དོ་དམ་ཡག་པོ་བྱ་རྒྱུར་ལྟ་སྐུལ་བྱེད་པ་ལས་བྱིས་པ་དང་མེ་ཁུངས་བར་འབྲེལ་གཏུག་བྱེད་མི་ཆོག་པ་བྱས། བཅའ་སྡོད་ལས་བྱེད་པས་བྱིས་པ་སྒྲིག་འཛུགས་བྱས་ནས་སྤྲོ་གསེང་རོལ་རྩེད་བྱེད་སྒོ་སྤེལ་བ་དང་།བྱིས་པ་གཅིག་སྡུད་ཐོག་དོ་དམ་བྱས་ཡོད། བཞི་ནི་བདེ་འཇགས་ཚད་ལྡན་གྱི་མེ་སྤྱོད་ལམ་སྲོལ་བཙུགས་པ། རིམ་པ་བགོས་ནས་འགན་གཙང་ལེན་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ནས“དུད་སྦྲེལ་མཉམ་སྲུང”ཡག་པོ་བྱས་ཏེ་འགན་འཁྲིའི་ཡི་གེ་དང་ཁས་ལེན་ཡི་གེ་ཁྱོན་ཡོངས་ནས་བཞག་ཡོད། མེ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་གུར་དང་ཕྱུགས་འཚོའི་ཐོན་སྐྱེད་བྱེད་སའི་ཁང་པའི་ནང་སྤྱོད་བཅུག་པ་ལས་ཕྱི་རོལ་དུ་ཐོན་སྐྱེད་དང་འཚོ་བའི་མེ་སྤྱོད་པའི་བྱ་སྤྱོད་མཐའ་དག་གཏན་འགོག་བྱས་པ་དང་།སྙིགས་རོ་དང་ཐལ་རྡུལ་གྱི་ཉེན་མེད་ས་ཐག་གཅོད་ནན་པོ་བྱས་པ་རེད། ལྔ་ནི་རྗེས་སྙེགས་ཞབས་ཞུ་འགན་སྲུང་གི་འཕྲལ་བསྟུན་ཐག་གཅོད་ལམ་སྲོལ་བཙུགས་ཡོད། ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ཏེ་འཕྲུལ་རྟ་དང་།གློག་སྣོན་ཡོ་བྱད།ལག་སྒྲོན་སོགས་སྐོར་གཡེང་སྐོར་ཞིབ་སྒྲིག་ཆས་དང་།ཆུ་ཟོམ་ལྕགས་ཁེམ་སོགས་སྟབས་བདེའི་མེ་གསོད་དངོས་ཟོག་བཀོད་སྒྲིག་བྱས་ནས་མི་ལ་བཀོད་པ་གཏོང་ཐུབ་པ་དང་མེ་དོ་དམ་བྱེད་ཐུབ་པ།རི་བཀག་བསྡོམས་བྱེད་ཐུབ་པ་བཅས་འགན་ལེན་བྱས་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1