གཙོ་ངོས།>> སྐྱེ་ཁམས།>>རྩི་ཤིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༠༦ཉིན།

༄༅།། མེ་ཏོག་ཡིང་ཧྭ།

འཇར་པན་རྒྱལ་ཁབ་ཀྱི་མེ་ཏོག་ནི་མེ་ཏོག་ཡིང་ཧྭ་རེད།


        མེ་ཏོག་ཡིང་ཧྭ་ནི་འཇར་པན་མི་རིགས་ཀྱི་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་ལ། དེ་ནི་བརྗིད་ཉམས་ལྡན་པའི་ཧྥུའུ་ཧྲི་རི་བོ་དང་འདྲ་བར་ལས་ལ་བརྩོན་པ་དང་། དཔར་ངར་ཆེ་བ། ཤེས་རིག་ལྡན་པའི་མཚོན་རྟགས་ཤིག་རེད། ལོ་རེའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནི་འཇར་པན་གྱི་མེ་ཏོག་ཡིང་ཧྭའི་དུས་ཆེན་ཡིན་ལ། ཉིན་དེར་འཇར་པན་གྱི་རྒན་དར་གཞོན་གསུམ་སྤྱི་གླིང་དང་ས་ཆ་གཞན་དུ་སོང་ནས་མེ་ཏོག་ཡིང་ཧྭར་རོལ་མྱོང་བྱེད་ཀྱིན་ཡོད། ལོ་རེའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། འཇར་པན་ཏུང་ཅིང་གི་ཧྲང་ཡེ་སྤྱི་གླིང་དུ་མེ་ཏོག་གི་གསོལ་སྟོན་དང་། ཚོགས་འདུ། ཞབས་བྲོ་རྩེ་བ་སོགས་ཀྱི་བྱ་འགུལ་སྣ་མང་སྤེལ་བ་རེད། འཇར་པན་གྱི་མེ་ཏོག་ཡིང་ཧྭའི་རིགས་ཤིག་ཏུང་ཅིང་ཞིན་སུའུ་སྤྱི་གླིང་དུ་བཞད་པའི་སྐབས་སུ་འཇར་པན་སྲིད་གཞུང་གིས་གནས་དེ་རུ“མེ་ཏོག་ཡིང་ཧྭར་ལྟད་མོ་ལྟ་བའི་ཚོགས་འདུ”བསྡུས་ནས་ཕྱིའི་རྒྱལ་ཁབ་ཀྱི་བློན་ཆེན་དང་སྤྱི་ཚོགས་སྟེང་གི་མི་སྣ་གྲགས་ཅན་ལ་སྣེ་ལེན་བྱེད་པ་རེད།
        འཇར་པན་མི་དམངས་ཀྱིས་མེ་ཏོག་ཡིང་ཧྭ་ལ་བརྩེ་དུང་བཅངས་པའི་ལོ་རྒྱུས་ཀྱི་ཡུན་རིང་པོ་ཡོད། ངག་རྒྱུན་དུ་གནའ་བོའི་དུས་སུ་བློ་རིག་ལྡན་པའི་བུ་མོ་མཛེས་མ་ཞིག་ལོ་ཕྱེད་ཀྱི་དུས་ཡུན་ནང་། དགུན་དུས་ནས་དཔྱིད་ཀའི་དུས་སུ་ལྷོ་ཕྱོགས་ནས་བྱང་ཕྱོགས་ཀྱི་ས་ཆར་བསྐྱོད་དེ་ལམ་བར་དུ་མེ་ཏོག་ཡིང་ཧྭའི་ས་བོན་མང་པོ་གཏོར་བ་དང་། དུས་དེ་ནས་བཟུང་འཇར་པན་གྱི་ས་ཆ་མང་པོ་རུ་མེ་ཏོག་ཡིང་ཧྭ་བཞད་པའི་བཤད་ཚུལ་ཡོད།
        མེ་ཏོག་ཡིང་ཧྭ་ནི་གནའ་ནས་ད་ལྟའི་བར་དུ་འཇར་པན་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ།བརྩེ་དུང་བཅས་དང་མཉམ་དུ་གནས་ཡོད་ལ། མེ་ཏོག་ཡིང་ཧྭའི་ཁུ་བ་དང་། ལོ་མ། མེ་ཏོག སྡོང་པོ་སོགས་ནི་རྒྱུན་མཐོང་གི་སྨན་གྱི་རྒྱུ་ཆ་དང་། བཟའ་ཆས། ཁྱིམ་སྤྱོད་ཅ་ལག་དང་ཤིང་བརྐོས་སོགས་ཀྱི་རྒྱུ་ཆ་བཟང་པོར་ངོས་འཛིན་གྱིན་ཡོད། །

《ཀྲུང་གོའི་ལོ་ཆུང་གཞོན་ནུའི་ཤེས་བྱ་ཀུན་བཏུས》ལྟར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1