གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༡༩ཉིན།

༄༅། །དཀའ་ངལ་ཡོད་ན་ཁ་པར་འདི་རྒྱོབ་དང་། ཁོང་རྣམ་པས་ཕྱག་རོགས་ཞུ་གི་འདུག


         རྒྱལ་ཁབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ལམ་ལུགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། རང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་སྔར་བས་འགན་ལེན་ཡག་པོ་བྱ་ཆེད། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཚང་མར་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཁ་པར“12349”ཤར་གཏོང་བྱས་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ཁ་པར་འདི་གཙོ་བོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་གྱི་མི་སྣ་དང་། བསྙེན་བཀུར་བྱ་ཡུལ་ཡིན་པའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན། དཀའ་ངལ་ཡོད་པའི་བྱིས་པ། དྭ་ཕྲུག གྲོང་གསེབ་ཀྱི“གཞིས་ལུས”མི་སྣ། གློ་བུར་དུ་དོན་རྐྱེན་བྱུང་ནས་འཚོ་བར་དཀའ་ངལ་འཕྲད་པའི་མི་སྣ་བཅས་ལ་རོགས་སྐྱོབ་དང་། ཁོང་ཚོར་སྲིད་ཇུས་སྐོར་བློ་འདྲི་དང་ལེན། དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་ཀྱི་རེ་ཞུ་ཐག་གཅོད་བཅས་བྱ་ཆེད་ཤར་གཏོང་བྱས་པ་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “12349”སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཁ་པར་ཤར་གཏོང་མ་བྱས་གོང་། དཀའ་ངལ་ཡོད་པའི་མི་མང་པོས་སྡེ་ཚན་གང་ཞིག་ལ་རེ་ཞུ་བྱེད་དགོས་པ་དང་ཇི་ལྟར་བྱེད་དགོས་པ་གསལ་པོ་ཤེས་ཀྱི་མེད། ཁ་པར་འདི་ཤར་གཏོང་བྱས་རྗེས། དཀའ་ངལ་ཡོད་པའི་མིས་ཕྱིར་བསྐྱོད་མི་དགོས་པར་སྲིད་ཇུས་བློ་འདྲི་བྱེད་ཆོག་པ་དང་རོགས་སྐྱོབ་རེ་ཞུ་བྱེད་ཆོག་གི་ཡོད། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ཁ་པར་ཨང་གྲངས་འདི་ནི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་རེ་ཞུ་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་ཡིན་པ་དང་། དེས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་ལས་དོན་སྒྲུབ་ཐུབ་ནས་དཀའ་ངལ་ཡོད་པའི་མིའི་གཞི་རྩའི་འཚོ་བ་དུས་ཐོག་ཏུ་ཐག་གཅོད་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
         གཞན་ཡང་།  “12349”ལ་ཁ་པར་བརྒྱབ་ནས་མ་མཐའི་འཚོ་བའི་འགན་ལེན་དང་། དམིགས་བསལ་གྱི་དཀའ་ངལ། གནས་སྐབས་ཀྱི་རོགས་སྐྱོབ་སོགས་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་དང་དེ་བཞིན་རེ་ཞུའི་བརྒྱུད་རིམ་བློ་འདྲི་བྱེད་ཆོག་གི་ཡོད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1