གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རྩོམ་པ་པོ། དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༡༧ཉིན།

༄༅།།སྙན་རྩོམ།

     ཕུན་ཚོགས་འདོད་དགུའི་ལོངས་སྤྱོད་འཕྲུལ་གྱིས་བསོད་ནམས་དཔལ་གྱི་འབྱོར་པས་ཕྱུག །

རྨད་བྱུང་དགེ་ལེགས་རྒྱ་མཚོའི་འཇིངས་སུ་ཡོན་ཏན་ཡིད་བཞིན་ནོར་བུའི་གཏམ། །

དགའ་བདེའི་གནམ་ས་ཡོམ་ཡོམ་འགུལ་བའི་དཔྱིད་གསལ་དུས་ཀྱི་ཕོ་ཉ་སླེབས། །

དེང་འདིར་བཀྲ་ཤིས་རྫས་རྟགས་གཟུགས་ཀྱི་རྫོགས་ལྡན་གསལ་པའི་མེ་ཏོག་ཤར། །

 

མེས་རྒྱལ་གཅིག་གྱུར་ལོ་བརྒྱའི་འཛུམ་དཀར་གོ་ལའི་ཁྱོན་དུ་ཡང་ཡང་འཁོར།།

ཚན་རྩལ་རིག་པའི་དཔའ་བོའི་གད་རྒྱངས་གླིང་ཆེན་ལྔའི་ཁྱོན་དུ་གྲགས།།

ལོ་རྒྱུས་བདེན་དོན་རིང་མོའི་གཏམ་ཚོགས་སྲིད་རྩེའི་བསམ་གཏན་བར་དུ་ཁྱབ།།

   དུས་རབས་གསར་པའི་སྙན་ཚིག་ཐོལ་གླུ་ན་གཞོན་གསར་པའི་མགྲིན་མཚོར་འཁྱིལ།།

 

དགའ་ལྡན་ལྷ་ཡི་གྲོང་ཁྱེར་གསར་པའི་གཞལ་མེད་རྣམ་རྒྱལ་ཁང་བཟང་ནས།།

ངོ་མཚར་སྟོང་གིས་ཆར་དུ་བསྙིལ་བའི་དག་བྱེད་བདུད་རྩིའི་བཏུང་བར་རོལ།།

གསར་འཚེར་འོད་ཀྱི་དྲ་བས་དཀྲིགས་པའི་སྲིད་པའི་སྒྲོན་མེའི་གློག་ཞུན་གྱིས།།

   དུས་གཅིག་འཇིག་པའི་མུན་པའི་འཇིག་རྟེན་དམིགས་པ་མེད་པའི་རྒྱ་ཡིས་བཏབ།།

 

གཞོན་ནུའི་སྙིང་ལ་གནམ་ས་བཀྲ་བའི་རིག་གཞུང་གསར་པའི་མེ་ཏོག་བཞད།།

     འཕུར་མདའི་རླབས་ཞུགས་ནམ་མཁའི་དབྱིངས་སུ་ཟླ་བའི་གོ་ལར་ཁྱིམ་གཞིས་འཛིན།།

        བར་སྣང་དབྱིངས་སུ་གནམ་ལྕགས་གཤོག་ཡངས་འགྲུལ་བཞུད་མགྲོན་པོ་བུ་ཡུག་འཚུབས།།

 རྒྱ་མཚོའི་རླབས་གཤག་རླུང་གི་གཤོག་པས་དཔག་ཚད་སྟོང་གིས་ཕ་མཐའ་རྒལ།།

 

རིན་མེད་སློབ་གླིང་གཙུག་ལག་བྱེ་བས་རྣམ་དཔྱོད་རིག་པའི་སྒོ་བརྒྱ་འབྱེད།།

         འབྱོར་འབྲིང་དམངས་འཚོའི་འཚོ་བའི་ལོངས་སྤྱོད་འཛད་མེད་རྒྱ་མཚོའི་གཏེར་དུ་བསྒྱུར།།

བོད་སྐྱོར་དབུལ་སྒྲོའི་སྙན་ཚིག་ཇུས་བཟང་གཏམ་གྱིས་སྙད་པའི་རོལ་མོ་བཀྲོལ།།

བསྐལ་བཟང་ལོ་ལེགས་དགའ་བའི་མྱུ་གུ་སེམས་ཀྱི་བདེ་ཆེན་ཞིང་དུ་འཁྲུངས། །

 ཱ

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1