གཙོ་ངོས།>> སློབ་གསོ།>>ཁྱིམ་ཚང་སློབ་གསོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༢ཚེས་༠༣ཉིན།

༄༅།། སློབ་གྲྭ་འབྲིང་ཆུང་གི་སློབ་མས་ལག་ཁྱེར་ཁ་པར་སློབ་གྲྭར་ཁྱེར་མི་ཆོག


          ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་གིས༼སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལག་ཁྱེར་ཁ་པར་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ༽པར་འགྲེམས་བྱས་ཡོད།

          དེ་ཡང་། སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྩ་དོན་ཐོག་མི་སྒེར་གྱི་ལག་ཁྱེར་ཁ་པར་སློབ་གྲྭར་འཁྱེར་མི་ཆོག དོན་དངོས་ཀྱི་དགོས་མཁོ་ཡོད་ཚེ། ངེས་པར་དུ་ཁྱིམ་བདག་གི་མོས་མཐུན་ཐོབ་དགོས་པ་དང་ཡིག་ཐོག་ནས་རེ་ཞུ་བྱ་དགོས་ཤིང་། སློབ་གྲྭར་སླེབས་རྗེས་ལག་ཁྱེར་ཁ་པར་སློབ་གྲྭས་གཅིག་གྱུར་ཐོག་ཉར་ཚགས་བྱ་དགོས་པ་ལས་སློབ་ཁང་དུ་འཁྱེར་མི་ཆོག
          སློབ་གྲྭས་ལག་ཁྱེར་ཁ་པར་ལ་དོ་དམ་བྱ་རྒྱུ་དེ་སློབ་གྲྭའི་རྒྱུན་ལྡན་དོ་དམ་བྱེད་ཁོངས་སུ་བཅུག་སྟེ། ཞིབ་ཕྲའི་བྱེད་ཐབས་གཏན་འབེབས་བྱེད་པ་དང་། གཅིག་གྱུར་གྱི་བདག་གཉེར་བྱེད་ས་དང་བྱེད་སྟངས། འགན་འཁུར་མི་སྣ་བཅས་གསལ་པོ་བཟོ་བ། དགོས་ངེས་ཀྱི་བདག་གཉེར་སྒྲིག་ཆས་མཁོ་སྤྲོད་བྱེད་པ། སློབ་གྲྭའི་ནང་གི་སྤྱི་སྤྱོད་ཁ་པར་དང་འཛིན་བདག་གི་འབྲེལ་གཏུག་ཁ་པར་སོགས་བཟོ་བའི་ཐབས་ལམ་བརྒྱུད་སློབ་མ་དང་ཁྱིམ་བདག་བར་གྱི་འབྲེལ་གཏུག་དགོས་མཁོ་ཐག་གཅོད་བྱེད་དགོས་ཤིང་། སློབ་གྲྭས་ལག་ཁྱེར་ཁ་པར་ཐོག་སྦྱོང་ཚན་བཀོད་སྒྲིག་བྱེད་པའམ་ཡང་ན་སློབ་མས་ལག་ཁྱེར་ཁ་པར་ཐོག་སྦྱོང་ཚན་འབྲི་དགོས་པའི་བླང་བྱ་འདོན་མི་ཆོག

          སློབ་གྲྭས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སློབ་མར་ཚན་རིག་དང་མཐུན་པ་དང་སྟངས་འཛིན་སྒོ་ནས་ལག་ཁྱེར་ཁ་པར་སྤྱོད་དུ་འཇུག་དགོས་པ་དང་། སྟབས་བདེ་རག་ལས་ཀྱི་དོ་དམ་བྱ་ཐབས་དོར་དགོས། སློབ་གྲྭ་སོ་སོས་སློབ་མའི་ཁྱིམ་བདག་དང་འབྲེལ་གཏུག་ཡག་པོ་བྱེད་པ་དང་། ཁྱིམ་བདག་ནས་སློབ་གསོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཁྱིམ་ཚང་དང་སློབ་གྲྭ་གཉིས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས།
          རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གྲྭའི་ལག་ཁྱེར་ཁ་པར་དོ་དམ་གྱི་ལས་དོན་ཁྲོད་གནས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་དགོས། སློབ་གསོ་ལྟ་སྐུལ་སློབ་སྟོན་སྡེ་ཁག་གིས་རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། འབྲེལ་ཡོད་བླང་བྱ་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་དང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1