གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༢༥ཉིན།

༄༅།། ཐུར་མ་བཀྲུས་ཚར་རྗེས་ཇི་ལྟར་འཇོག་དགོས་སམ།


       ཐུར་མ་ནི་ཟ་འཐུང་སྐབས་ཀྱི་རྒྱུན་མཐོང་གི་ཡོ་བྱད་ཅིག་ཡིན་ཞིང་། ཐུར་མ་བཀྲུ་སྐབས་ཐུར་མའི་སྟེང་གི་འབུ་ཕྲ་མང་ཆེ་བ་ཆུ་ཡིས་བཤལ་ཐུབ་ནའང་། འབུ་ཕྲ་ཡོངས་སུ་མི་དག་པར་ཁ་ཤས་ལུས་ཀྱི་ཡོད་པ་རེད། 

       དེ་བས། ཐུར་མ་འཇོག་དུས་དོ་སྣང་བྱ་དགོས་ཏེ། མི་ལ་ལས་ཐུར་མའི་མགོ་བོ་ཡར་ལ་གཏད་ན་ཅུང་བཟང་བར་འདོད་བཞིན་ཡོད་ཅིང་། ཡང་ལ་ལས་མགོ་བོ་ཐུར་ལ་གཏད་ན་ཅུང་བཟང་བར་འདོད་ཀྱི་ཡོད། དེས་ན་དོན་ངོ་མར་ཇི་ལྟར་བྱས་ནས་བཞག་ན་གཙང་མ་ཡོང་ངམ། གནད་དོན་གང་དག་ལ་དོ་སྣང་བྱ་དགོས་ཤེ་ན། གཤམ་དུ་རེ་རེ་བཞིན་ལན་འདེབས་པར་བྱ།
       གཅིག མགོ་ཡར་ལ་གཏད་ནས་འཇོག་དགོས།
       མི་ཁ་ཤས་ཀྱིས་ཐུར་མ་ཇི་ལྟར་འཇོག་དགོས་པར་དོ་སྣང་མི་བྱེད་པར་ཅི་དགར་འཇོག་གིན་ཡོད།  དོན་དངོས་སུ་ཐུར་མ་བཀྲུས་ཚར་རྗེས་མགོ་ཐུར་དུ་གཏད་ནས་བཞག་ན་ཧ་ཅང་བཙོག་སྟེ། དེ་ལྟར་བྱས་ན་ཐུར་མ་འཇོག་སྣོད་ཀྱི་མཐིལ་དུ་ཆུ་ལྷག་ལུས་ངེས་པས་བརླན་བཤེར་གྱི་ཁོར་ཡུག་ཏུ་འབུ་ཕྲ་སྐྱེ་སླ་བས་རེད།
       གྲངས་གཞི་ལས་མངོན་པ་ལྟར་ན། ཐུར་མ་འཇོག་སྣོད་ཀྱི་མཐིལ་དུ་འབུ་ཕྲ་དང་རྒྱུ་མའི་འབུ་ཕྲ་ཧ་ཅང་མང་པོ་ཡོད་པ་ཞིབ་བཤེར་བྱུང་ཡོད་པས། དེ་བས་ཐུར་མའི་མགོ་ངེས་པར་དུ་ཡར་ལ་ཕྱོགས་ནས་འཇོག་དགོས། 
       གཉིས། ཐུར་མར་དུག་སེལ་བྱེད་དགོས། 
       ང་ཚོས་དུས་ཡུན་རིང་བོར་བེད་སྤྱོད་མ་བྱས་པའི་ཐུར་མ་ཆུ་ཁོལ་དུ་སྦངས་སྲིད་དེ། དེ་ལྟར་བྱས་ན་ཐུར་མའི་སྟེང་གི་འབུ་ཕྲ་གསོད་ཐུབ་པ་རེད།
       བེད་སྤྱོད་མི་བྱེད་པའི་ཐུར་མ་ང་ཚོས་ཉར་ཚགས་བྱེད་དགོས་པ་དང་། ཉར་ཚགས་བྱེད་སྐབས་སྐམ་བཟོ་བྱེད་དགོས་ཏེ་སྐམ་བཟོའི་ཁོར་ཡུག་ཏུ་འབུ་ཕྲ་སྐྱེ་མི་སླ་བས་རེད། ནམ་རྒྱུན་ཐུར་མར་དུག་སེལ་བྱས་ན་ལེགས་པོ་ཡོད་དེ། དེ་ལྟར་ན་མཁྲེགས་པོའི་ཕྲ་སྲིན་མང་དྲགས་ནས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱེད་ཐུབ། ཁྱིམ་སྤྱོད་ཐབ་ཚང་གི་དུག་སེལ་འཕྲུལ་ཆས་སྟབས་བདེ་པོ་ཡོད་པ་མ་ཟད་དེའི་ནང་དུ་ཕོར་པ་དང་སྡེར་མའང་བཞག་ཆོག་པ་རེད།

       གསུམ། ཐུར་མ་འདིའི་རིགས་གཡུག་ན་འགྲིག 
       མི་ཁ་ཤས་ཀྱིས་འཕྲོད་བསྟེན་ལ་དོ་སྣང་བྱེད་ཀྱི་ཡོད་པས། རང་གཅིག་པུ་ལ་དབང་བའི་ཐུར་མ་རེ་ཡོད་པ་རེད། འོན་ཀྱང་ཐུར་མ་ཡུན་རིང་བེད་སྤྱོད་བྱས་རྗེས་ཐུར་མའི་ཕྱི་ངོས་སུ་བརྡར་སྐྱོན་དང་གས་སྐྱོན་འབྱུང་སྲིད་པ་དང་། ཐུར་མ་གཙང་མར་བཀྲུ་མི་ཐུབ་པའི་ཀོང་ཤུར་ཡོད་ངེས་ལ། ཐུར་མའི་དབྱིབས་འགྱུར་ཏེ་གུག་ནས་རུལ་ཐིག་དང་དྲི་ངན་འབྱུང་ངེས་རེད། 
       གོང་བརྗོད་ཀྱི་གནས་ཚུལ་བྱུང་བའི་ཐུར་མ་རུ་འབུ་ཕྲ་སྐྱེ་སླ་བས་གཡུག་ན་འགྲིག དུས་བཅད་ལྟར་ཐུར་མ་གསར་བ་བརྗེ་བ་དེས་ཁྱེད་རང་ལ་ཟས་སྤྱོད་པའི་མྱོང་བ་གསར་པ་སྟེར་ཐུབ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1