གཙོ་ངོས།>> དམངས་སྲོལ།>>རྒྱན་གོས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༢ཚེས་༡༨ཉིན།

༄༅། །འཐག་དྲུབ་ལག་རྩལ་གྱིས་བདེ་ཞིང་སྐྱིད་པའི་འཚོ་བ་བསྐྲུན།

          བོད་ལྗོངས་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ནི་མིང་དུ་གྲགས་པའི་བོད་ཀྱི་པང་གདན་དང་སྣམ་བུ་འཐག་དྲུབ་བྱེད་གནས་ཡིན་ཞིང་། བོད་ལྗོངས་རྩིད་བལ་ཐོན་རྫས་བཟོ་སྣོན་བྱེད་པའི་འབྱུང་གཞི་ཞིག་ཀྱང་ཡིན། འདི་ནས་ཐོན་པའི་བོད་ལུགས་པང་གདན་དང་སྣམ་བུ་བཟོ་རྩལ་ལེགས་ཤིང་རྒྱུ་སྤུས་བཟང་བས་ཐེངས་མང་པོར་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཐོན་རྫས་སྤུས་ལེགས་ཀྱི་གྲས་སུ་བདམས་མྱངས།

           ལོ་འདི་འགའི་རིང་བོད་ལྗོངས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། ལྕེ་བདེ་ཞོལ་གྱིས་ཧུར་ཐག་གིས་བོད་ལུགས་པང་གདན་དང་། སྣམ་བུའི་རིགས་རྒྱུ་ཆ་བྱས་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་པས་མི་སེར་གྱི་ཡོང་འབབ་ལ་འཕར་སྣོན་ཆེན་པོ་བྱུང་། མིག་སྔར། གྲོང་རྡལ་ཡོངས་ཀྱི་དུད་ཁྱིམ་600ལྷག་གིས་སྡོད་ཁང་གསར་དུ་བསྐྲུན་པ་དང་། དུད་ཚང་མང་པོས་ཁྱིམ་སྤྱོད་རླངས་འཁོར་ཉོས་ཡོད། གནའ་བོའི་སྣམ་བུ་འཐག་དྲུབ་སྒྱུ་རྩལ་གྱིས་ལས་ལ་བརྩོན་པའི་ལྕེ་བདེ་ཞོལ་གྱི་མི་རྣམས་འབྱོ ར་འབྲི ང་འཚོ་བའི་ལམ་དུ་སྣེ་ཁྲིད་བྱེད་བཞིན་ཡོད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1