གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༢ཚེས་༡༨ཉིན།

༄༅། །ཚིགས་ལྦའི་ནད་འགོག་བཅོས་ཁྲོད་ཀྱི་འཛམ་ཐང་གི་ཉམས་མྱོང་།

            རྔ་བ་ཁུལ་འཛམ་ཐང་ཞེས་པ་ནི་འཛམ་བྷ་ལའི་བཞུགས་གནས་ཞེས་པའི་དོན་ཡིན་ལ། གནས་འདིར་ས་གཙང་ཞིང་ཆུ་དྭངས་ལ། རྩི་ཤིང་སྔོན་མོས་རུ་ཀླུང་ཡོངས་སུ་བརྒྱན་པ། ཡུལ་ལྗོངས་ལྟ་ན་སྡུག་པས། ལྷ་སྒྲུང་གི་འཇིག་རྟེན་ཞིག་དང་མཚུངས་མོད། ཡིན་ནའང་ལོ་ངོ་བརྒྱ་སྟོང་གི་རིང་ལ། གནས་འདིར་འཚོ་བའི་མི་རྣམས་ཚིགས་ལྦའི་ནད་ཀྱིས་མུན་པས་མནར་འདུག བསྡོམས་རྩིས་བྱས་པ་ལྟར་ན། འཛམ་ཐང་རྫོང་ནི་རྔ་བ་ཁུལ་གྱི་ཚིགས་ལྦའི་ནད་ཡོད་པའི་མི་གྲངས་ཆེས་མང་ཞིང་ཁྱབ་རྒྱ་ཆེས་ཆེ་བ། ནད་གཞི་ཆེས་ཚབས་ཆེ་བའི་རྫོང་ཁག་ཅིག་ཡིན་ཏེ། རྫོང་ཡོངས་སུ་ཚིགས་ལྦའི་ནད་ཡོད་པའི་མི་གྲངས་10682ལ་སླེབས་ཏེ། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བཞི་ཆ་གཅིག་ཟིན་ཡོད་པས། ཚིགས་ལྦའི་ནད་ལས་བྲལ་རྒྱུ་དེ་ནི་ས་ཁུལ་དེའི་རྒྱ་ཆེའི་མང་ཚོགས་ཀྱི་འདུན་པ་ཉག་གཅིག་ཏུ་གྱུར་འདུག

            འཛམ་ཐང་རྫོང་གི་ཚིགས་ལྦའི་ནད་དེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་པས་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད་དེ། དེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཐེངས་མང་པོར་བཀའ་མཆན་གལ་ཆེན་གནང་ཞིང་། རྒྱལ་ཁབ་དབུལ་སྐྱོར་གཞུང་ལས་ཁང་དང་། ཞིང་ཆེན། ཁུལ་སོགས་ཀྱི་འགོ་ཁྲིད་གཙོ་བོ་དང་ཆེད་ལས་མཁས་པ་རྣམས་ཐེངས་མང་འཛམ་ཐང་དུ་ཟབ་ཞུགས་བྱས་ནས། ཚིགས་ལྦའི་ནད་འགོག་བཅོས་བྱེད་ཐབས་ལ་ཆེད་དོན་ཞིབ་འཇུག་བྱས། 2006ལོར། ཀྲུང་དབྱང་གིས་འཛམ་ཐང་གཙོར་བྱས་པའི་ནད་ཁུལ་ལ་ཚིགས་ལྦའི་ནད་ཕྱོགས་བསྡུས་འགོག་བཅོས་

ལག་ཏུ་བསྟར་ནས། ས་དེའི་མང་ཚོགས་རྣམས་གང་མགྱོགས་སྒོས་ནད་དང་དབུལ་ཕོངས་ལས་བྲལ་ཏེ། བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བར་རོགས་སྐྱོར་བྱས།

              འཛམ་ཐང་རྫོང་ཨུའི་ཧྲུའུ་ཅིས་2007ལོའི་ཚུན་གྱི་ལོ་ལྔའི་རིང་ལ། འཛམ་ཐང་རྫོང་གིས་ཚིགས་ལྦའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཇུས་གཞི་ལྟར། བཀོད་སྒྲིག་ཞིབ་མོ་དང་། རྩ་འཛུགས་ནན་མོ། ལག་བསྟར་ནན་ཏན་བཅས་བྱས་ཏེ།གོམ་པ་རེ་རེ་བཞིན་དུ་ནད་གཞི་བཅོས་པ་དང་མ་རིག་པ་སེལ་བ། དབུལ་བཅོས། ཁོར་ཡུག་བཅོས་སྐྱོང་བཅས་ཟུང་འབྲེལ་གསུམ་གྱི་བགྲོད་ལམ་གསར་བ་རུ་བསྐྱོད་པར་གྲུབ་འབྲས་མངོན་གསལ་ཐོབ་སྟེ། ཐུན་མོང་མ་ཡིན་པའི་འཛམ་ཐང་གི་ཉམས་མྱོང་ཞིག་ཏུ་གྱུར་འདུག་ཅེས་བཤད།འབྲེལ་ཡོད་ཆེས་ལས་མཁས་པ་ཚོས་ཚོད་དཔག་བྱས་པ་ལྟར་ན། ཚིགས་ལྦའི་ནད་དེ་མང་ཚོགས་ཀྱི་བཟའ་བཅའ་དང་ཐོན་སྐྱེད་

འཚོ་བའི་ཁོར་ཡུག་བཅས་ལ་འབྲེལ་བ་ཡོད་པ་རེད། དེའི་ཕྱིར་ནད་གཞི་རྩ་བ་ནས་བཅོས་དགོས་ན་ཁོར་ཡུག་བཅོས་སྐྱོང་དེ་ངེས་པར་དུ་སྔོན་ལ་སྤེལ་དགོས། ད་ལྟ་འཛམ་ཐང་རྫོང་གི་མངའ་ཁོངས་ཀྱི་ཚིགས་ལྦའི་ནད་ཁུལ་དེར་རྒྱང་རིང་ནས་ཕར་བལྟས་ཚེ། ཚང་མ་བོད་ཀྱི་གཞིས་ཁང་ཤ་སྟག་ཡིན་ཏེ། ཁྱིམ་ཚང་སོ་སོའི་ར་སྐོར་གཙང་ཞིང་ཁང་ཁྱིམ་གསལ་ལ། སྡེ་བའི་ནང་དུ་སྐྱོད་ཚེ། ནོར་གནག་གི་ངུར་སྒྲ་དང་གཡང་མོ་ལུག་གི་འབའ་སྒྲ་སོགས་ཐོས་འཛིན་རྣ་བའི་བུ་ག་རུ་བར་མེད་དུ་རྒྱུ་ནའང་། ནོར་ལུག་གི་ལུད་སོགས་ཏིལ་འབྲུ་ཙམ་ཡང་མཐོང་རྒྱུ་མེད། གསར་དུ་བསྐྲུན་པའི་རང་འབབ་འཐུང་ཆུ་དང་དོང་ཆུ་སོགས་ལས་གཞི་དག་གིས་ནད་ཁུལ་མང་ཚོགས་ཀྱི་བཏུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་འདུག  ད་ལྟ། འཛམ་ཐང་རྫོང་གིས་གནས་གཞན་དུ་སྤོ་བ་དང་།

          གཞན་ཡུལ་ནས་མི་སྐྱེད་སྲིང་བྱེད་པ། འབྲུ་རིགས་བརྗེ་བ། བཏུང་ཆུའི་བདེ་འཇགས། སྤྱི་ཚོགས་འགན་སྲུང་། གནས་སྤོར་བཀོད་སྒྲིགསྒྲིག་གཞི་ལེགས་སྒྲིག འཕྲོད་བསྟེན་འགོག་བཅོས། ཚན་རྩལ་འགག་སྒྲོལ་སོགས་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་རབ་དང་རིམ་པར་བརྟེན་ཏེ། དར་མར་ནད་བྱུང་ཚད་མངོན་གསལ་དུ་

ཇེ་ཉུང་དུ་གྱུར་བ་མ་ཟད། དེ་ལས་གལ་ཆེ་བ་ནི་ལོ་ཆུང་བྱིས་པ་ཚོར་ནད་བྱུང་ཚད་ཆེས་ཆེར་ཇེ་ཉུང་དུ་གྱུར་བས། ཚིགས་ལྦ་ནད་ཁྱབ་འབྱེད་ལ་ཚོད་འཛིན་ནུས་ལྡན་བྱས་ཤིང་། ནད་ཁུལ་གྱི་བྱིས་པ་ཚོ་ད་ལྟར་མཛེས་ཤིང་སྐྱིད་པའི་སློབ་ར་གསར་བའི་ནང་དུ་འཚར་ལོངས་འབྱུང་བཞིན་ཡོད་ཅེས་བཤད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1