གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༤ཉིན།

བོད་ལྗོངས་ལྷོ་ཁའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་ཚ་ཚ་འུར་འུར་ངང་འགོ་ཚུགས་པ།

ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན།
          ཟླ12པར་སླེབས་པ་དང་བསྟུན་ནས་ལོ་གཅིག་ལ་ཐེངས་རེ་སྤེལ་བའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་དུས་ལྟར་སྤེལ་བ་རེད། ཟླ12པའི་ཚེས1ཉིན། 2020ལོའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀླུ་ཆུང་ཨར་ལས་རྒྱུ་ཆ་ཉོ་ཚོང་ཁྲོམ་རར་འཁྲུག་ཆ་དོད་པོའི་ངང་སྤེལ་འགོ་ཚུགས། དངོས་ཟོག་བརྗེ་རེས་ཚོང་འདུས་ཡུལ་དངོས་སུ་འཚང་ཁ་ཤིག་ཤིག་གི་མི་ཚོགས་ཁྲོད་དགའ་བའི་འབོད་སྒྲ་དང་། དུང་གི་སྒྲ་དབྱངས། གོང་གཏམ་པ་སོགས་ཀྱི་སྒྲ་སྣ་ཚོགས་ཐོས་ཐུབ་པས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། 
ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་ནི1981ལོ་ནས་འགོ་ཚུགས་ཤིང་། ད་ལོ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་སྤེལ་བའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་བཞི་བཅུ་པ་རེད། ལོ་ངོ་40རིང་གི་འཕེལ་རྒྱས་བརྒྱུད་དེ། ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་དེ་ལྷོ་ཁ་གྲོང་ཁྱེར་གྱི་དངོས་ཟོག་ཉོ་ཚོང་དང་། མ་འཇོག་སྐུལ་འདེད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་གཞི་ཁྱོན་ཆེ་ཤོས་དང་། ཞུགས་མཁན་མང་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ཏེ། ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་ཐོན་ཡོད།
 
ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན།
          ཤེས་རྟོགས་བྱུང་བར་གཞིགས་ན། ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་བཞི་བཅུ་པའི་སྟེང་ཚོང་དུད2965ཞུགས་ཡོད་པ་དང་། དེའི་ཁྲོད་ཞིང་འབྲོག་དུད་ཚང1927ཡོད་ལ། ཁྲོམ་ཞུགས་ཚོང་ཟོག་སྣ་ཁ650ལྷག་ཙམ་ཟིན་པ་དང་། ཁྲོམ་ཞུགས་ཚོང་ཟོག་བསྡོམས་འབོར་སྒོར་ཁྲི9280ཟིན་ཡོད། 
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་འབྲེལ་ཡོད་འགན་འཛིན་པས་ངོ་སྤྲོད་བྱས་པར། འགྲེམས་ཚོགས་དཔལ་འབྱོར་ནི་ས་ཁོངས་དཔལ་འབྱོར་གོང་མཐོར་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བར་གོ་ཆོད་པའི་བྱ་ཐབས་ཞིག་ཡིན་ལ། ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། ང་ཚོས་ད་ཐེངས་ཀྱི་དངོས་ཟོག་བརྗེ་རེས་ཚོང་འདུས་ཀྱི་གོ་སྐབས་དང་བསྟུན་ནས། ཞིང་འབྲོག་ལས་ཐོན་ལས་ཅན་དུ་གཏོང་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས་ཞེས་བསྟན། 

དངོས་ཟོག་བརྗེ་རེས་ཚོང་འདུས་ཀྱི་ཡུལ་དངོས།

དངོས་ཟོག་བརྗེ་རེས་ཚོང་འདུས་ཀྱི་ཡུལ་དངོས།
          ད་ལོར་ཏོག་གསར་གློ་ཚད་རྒྱུན་རྣམ་ཅན་དུ་འགྱུར་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྒྱབ་ལྗོངས་འོག  ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་ཀྱིས་མང་ཚོགས་ཀྱི་བདེ་ཐང་ཨང་དང་པོར་བརྩིས་ཏེ། བདེ་ཐང་ཨང་རྟགས་ཞིབ་བཤེར་དང་ལུས་ཀྱི་དྲོད་ཚད་འཇལ་བ་སོགས་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་དེ། དངོས་ཟོག་བརྗེ་རེས་ཚོང་འདུའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མང་ཚོགས་ཀྱི་འབབ་འཕར་ལ་འགན་ལེན་བྱས་པ་རེད། 
2020ལོའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་བཞི་བཅུ་པ་དེ2020ལོའི་ཟླ12པའི་ཚེས7ཉིན་བར་འཚོག་རྒྱུ་རེད།  

དངོས་ཟོག་བརྗེ་རེས་ཚོང་འདུས་ཀྱི་ཡུལ་དངོས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1