གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༢༨ཉིན།

ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་གྱི་དྲ་ཐོག་བསམ་འཆར་བསྡུ་ལེན་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་བ།


       ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་གྱི་དྲ་ཐོག་བསམ་འཆར་བསྡུ་ལེན་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་དྲ་སྦྲེལ་བརྒྱུད་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ཐད་སྤྱི་ཚོགས་ཡོངས་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དེ་ནི་རང་རྒྱལ་གྱི་ལོ་ལྔའི་འཆར་འགོད་སྒྲིག་བཟོའི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། ད་ཐེངས་ཀྱི་བྱེད་སྒོའི་ཕན་འབྲས་ཧ་ཅང་བཟང་བ་དང་། སྤྱི་དམངས་ཞུགས་ཚད་ཧ་ཅང་མང་བ་མ་ཟད། དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད་པས། འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་ལེགས་སྒྲིག་དབྱེ་ཞིབ་དང་བསྡུ་ལེན་ནན་ཏན་བྱེད་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཁྱབ་རྒྱ་ཆེ་ལ་ཞིབ་ཅིང་ཕྲ་བ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་གང་ལེགས་མཚོན་ཡོད། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པ་དང་། མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཡར་བརྩོན་སྟོབས་ཤུགས་ཡིན། ད་ཐེངས་ཀྱི་བྱེད་སྒོའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱས་ནས་སླད་ཕྱིན་གྱི་ལས་དོན་ཁྲོད་མི་དམངས་ཀྱི་འབོད་སྒྲ་ཉན་པ་དང་མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་ཐད་ཀྱི་དྲ་སྦྲེལ་གྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱས་ཏེ་བློ་བསྡུས་དགེ་འཚོལ་དང་སེམས་ཤུགས་གཅིག་སྒྲིལ་དེ་བས་ལེགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
       “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་སྤེལ་སྐབས་བསམ་འཆར་ཀུན་བསྡུ་དང་བློ་བསྡུས་དགེ་འཚོལ་བྱས་ཏེ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐབས་ཇུས་དམངས་ལ་འདྲི་བ་མཐའ་འཁྱོངས་བྱ་རྒྱུ་གཉིས་གཅིག་གྱུར་བྱས་ནས་ཕྱར་བ་གྲུ་འདེགས་ངང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། འདི་ལོའི་ཟླ་8ཚེས་16ནས་29ཉིན་བར། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ལ་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་སྤེལ་ཏེ། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཁོངས་གཏོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་གསར་འགྱུར་དུད་སྣེ་དང་དེ་བཞིན“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་སུ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཇུས་འདོན་གྱི་ཆེད་བསྒྲིགས་ལེ་ཚན་བཟོས་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། བྱེད་སྒོའི་སྒྲིག་འཛུགས་གོ་རིམ་ལྡན་ལ་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་སྟེ་རིམ་རྩིས་བརྒྱབ་ན་དྲ་དམངས་ཀྱི་ཇུས་འདོན་ཁྲི་101.8ལྷག་ཙམ་འབྱོར་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1