གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀན་ལྷོའི་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༢༨ཉིན།

ཐེ་བོ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་རི་མོ་བྲིས་པ།

        ཉེ་བའི་ལོ་ཤས་རིང་། ཐེ་བོ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ནང་འཇུག་པའི་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་མཐོར་གཏོང་བར་དམིགས་ནས་རང་ངོས་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་བོའི་བསྡུར་གཞི་ཡོད་པའི་ལེགས་ཆ་དང་རྗེས་ཐོན་ལེགས་ཆར་གཞི་ཚུགས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་གཏོད་རྒྱུ་དེ་ཐོན་ལས་རིགས་སྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་ཀྱི་སྐྱེ་ཁམས་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བ། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་གཏོང་བ་བཅས་ཀྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས།
        ཐེ་བོ་རྫོང་གིས་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་གཏིང་ཟབ་སྒོས་སྐྱེ་ཁམས་ཅན་གྱི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་བྱས་ཤིང་། ལོ་མང་བོའི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མངོན་གསལ་དོད་པོས་ཤུགས་སྣོན་དང་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་སོང་ཡོད། སྐྱེ་ཁམས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་སྐྱེ་ཁམས་འདུ་ཤེས་མིའི་སེམས་གཏིང་དུ་ཟུག་ནས་སྐྱེ་ཁམས་རྫོང་གཏོད་པའི་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།
        སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲིམས་བསྟར་ཞིབ་བཤེར་དང་ཁོར་ཡུག་སྲུང་སྐྱོང་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས། འགོ་ཁྲིད་ཚན་ཆུང་སོ་སོའི་ཁོངས་མིའི་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། རྫོང་ཡོངས་ཀྱི་གོང་འོག་གི་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐུན་མོང་ངོས་འཛིན་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་གཏོད་པའི་བྱ་བ་ཏན་ཏིག་དང་རྒྱུན་མཐུད། གཏིང་ཟབ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱས། སྐྱེ་ཁམས་འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་པ་དང་སྲིད་ཇུས་ཀྱིས་སྐུལ་འདེད་གཏོང་བའི་བྱ་བའི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། འཆར་འགོད་དང་སྲིད་ཇུས་བཟོ་འགོད་དང་ལག་བསྟར་བྱེད་པའི་བྱ་བ་དམ་འཛིན་བྱས།
        མིག་སྔའི་བར་དུ། རང་བྱུང་ནགས་ཚལ་ཐོན་ཁུངས་མུའུ་ཁྲི159.53ལ་ནུས་ལྡན་ངང་དོ་དམ་སྲུང་སྐྱོང་བྱས་པ་དང་རིམ་རྩིས་བྱས་པ་ལྟར་ན་སྤྱི་ཕན་ནགས་ཚལ་མུའུ་ཁྲི12.7བསྐྲུན་ཡོད་ལ། རྫོང་ཡོངས་ཀྲུང་དབྱང་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཀྱི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི41.42ཀྱི་ནང་བཅུག་ཡོད། རིམ་རྩིས་བྱས་པ་ལྟར་ན་རྨོ་བསྐྱུར་ནགས་བསྐྲུན་ལས་གྲྭའི་འཛུགས་སྐྲུན་ལས་འགན་མུའུ་ཁྲི17.25ལེགས་གྲུབ་བྱུང་ཡོད་ལ། ཕྱུགས་བསྐྱུར་རྩྭ་འདེབས་མུའུ་ཁྲི200བྱས་པ་དང་ཕྱུགས་རིགས་དྲོད་ཁང400བསྐྲུན་ཡོད། རེས་སྐོར་གསར་བའི་རྩྭ་ཐང་གི་བྱ་དགའི་ཁ་གསབ་རྒྱ་ཁྱོན་མུའུ་ཁྲི204.74དོན་འཁྱོལ་བྱས།
        སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས་རྩྭ་ཐང་གི་ཁེབས་ཚད14%ཇེ་མཐོར་ཕྱིན་པ་དང་མཐོ་ཚད11%འཕར་ཡོད། ཕྱུགས་རྩྭ་སྤུས་ལེགས་ཀྱི་བསྡུར་ཚད8%འཕར་བ་དང་རང་བྱུང་རྩྭ་སའི་སྔོ་ཁེབས་རིམ་བཞིན་སླར་གསོ་བྱུང་། འབྲུག་ཆུ་རྒྱུག་ཁུལ་གྱི་བྱེ་ཚད10%ཡན་ཇེ་དམའ་རུ་སོང་ནས་འབྲུག་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་ནུས་ལྡན་ཐོབ། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་མུའུ་ཁྲི0.2ལེགས་གྲུབ་བྱུང་ཡོད་ལ། ནགས་ཚལ་སྒྱུར་བཅོས་རྒྱ་ཁྱོན་མུའུ་ཁྲི56.86དོན་འཁྱོལ་བྱས་ནས་རོང་འབྲོག་པ་ཁྱིམ་ཚང5290ལ་ཕན་པ་ཐོབ། སྐྱེ་ཁམས་ནགས་སྲུང་བ1660དོན་འཁྱོལ་བྱས་པ་དང་། ནགས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཐོབ་ཐང་དེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་བསྒྱུར་ནས་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་དང་ནགས་ལས་ཀྱི་ཕན་འབྲས་ཇེ་ཆེར་གཏོང་བ། རོང་བའི་ཡོང་སྒོ་འཕར་བ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱུང་། ནགས་ལས་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ནས“སྐྱེ་ཁམས་རྫོང་བསྐྲུན་པ་དང་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི”སྐྱེ་ཁམས་དབུལ་སྐྱོར་ལམ་བུའི་ཐོག་བསྐྱོད་བཞིན་ཡོད།
        སྐྱེ་ཁམས་ཀྱི་དགེ་མཚན་རྒྱབ་རྟེན་བྱས་ནས་ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དམ་པོར་བཟུང་སྟེ་རིག་གནས་ཡུལ་སྐོར་དང་དེང་རབས་ཞིང་ཕྱུགས་ལས་ལ་འདེགས་སྐྱོར་བྱས་ཤིང“རི་སྔོ་ཆུ་དྭངས”དེ“གསེར་རི་དངུལ་རིར”འགྱུར་བར་སྐུལ་འདེད་བཏང་།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1