གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༡༤ཉིན།

ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ས་གནས་དེ་གར་སྨན་བཅོས་དངོས་རྫས་ཞལ་འདེབས་བརྒྱབ་པ།


     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཁག་18པའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་མཱ་ཅཱ་ཡུང་ས་ཁུལ་གྱི་སྲིད་གཞུང་ལ་སྨན་བཅོས་དངོས་རྫས་ཁག་གཅིག་ཞལ་འདེབས་བརྒྱབ་པ་རེད།
     དེ་ཉིན་གྱི་ཞལ་འདེབས་མཛད་སྒོ་མ་འཚོག་གོང་། མཱ་ཅཱ་ཡུང་གི་ཧྲི་ཀྲང་ཨ་མའར་·ཧུའུ་ལ་ཉིས་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་མི་སྣ་གཙོ་བོའི་སྣེ་ཁྲིད་ནས་གྲོང་ཁྱེར་སྲིད་གཞུང་གི་ཚོམས་ཆེན་དུ་ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་གི་རུ་དཔོན་ལི་རུའུ་ཀྲེན་བཅས་པ་དང་ཐུག་འཕྲད་བྱས་པ་རེད། ཧུའུ་ལ་ཉིས་ཀྲུང་གོ་སྲིད་གཞུང་གིས་ལེ་པ་ནོན་ལ་རྒྱབ་སྐྱོར་དང་རོགས་རམ་མཐའ་གཅིག་ཏུ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ལེ་པ་ནོན་དུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ས་གནས་དེ་གར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཞལ་འདེབས་བརྒྱབ་པའི་སྨན་བཅོས་དངོས་རྫས་ཀྱི་གྲས་སུ་ཕྱི་སྤྱོད་སྨན་དང་། སྔོན་འགོག་སྨན། སྨན་བཅོས་ཡོ་བྱད་སོགས་ཡོད། དེའི་ནང་ཀྲུང་ལུགས་སྨན་མང་ཆེ་བ་ཡིན་པས་ཁྱོན་སྣ་ཁ་22ཡོད་པ་རེད།
     ན་ནིང་ཟླ་5པར་ལེ་པ་ནོན་དུ་བཀོད་སྒྲིག་བྱས་ཚུན། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཁག་18པའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གིས་ས་གནས་དེ་གའི་མང་ཚོགས་ལ་སྔ་རྗེས་སུ་འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་5དང་སྨན་བཅོས་ཞལ་འདེབས་བྱེད་སྒོ་ཐེངས་6སྤེལ་ཡོད། ཟླ་7ཚེས་28ཉིན་ཡན་ལག་རུ་ཁག་གི་ཁག་དང་པོའི་མི་15བརྗེ་རེས་བྱས་ནས་རྒྱལ་ནང་དུ་ཕྱིར་ལོག་བྱས་ཡོད། འཆར་གཞི་གཞིར་བཟུང་ཁག་གཉིས་པའི་དེ་བྱིངས་ཀྱི་མི་15དག་ཟླ་འདིའི་ཚེས་18ཉིན་རང་རྒྱལ་དུ་ཕྱིར་ལོག་བྱ་རྒྱུ་ཡིན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1