གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༡༢ཉིན།

ལི་ཐང་རྫོང་དུ་སྔོ་ཚལ་དྲོད་ཁང་ཆུང་ཆུང་གིས་འབྲོག་པའི་སྔོ་ཚལ་ཟ་རྒྱུ་དཀོན་པ་དང་སྔོ་ཚལ་གྱི་རིན་གོང་མཐོ་བའི་གནད་དོན་ཐག་བཅད་པ།

      ཟླ་8ཚེས་7ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཚོ་གསུམ་ཤང་ཁམས་འགག་གྲོང་ཚོའི་ཨ་ཕྱི་ཆོས་སྐྱིད་ཀྱིས་ཚལ་ཞིང་ནང་གི་ཡུར་མ་ཡུར་བའི་ཞོར་ལ་སྔོ་ཚལ་དྲོད་ཁང་དུ་རང་ཁྱིམ་གྱི་སྔོ་ཚལ་སོས་པ་འཐུ་བར་སོང་།
     འཐུ་མ་ཐག་པའི་སྔོ་ཚལ་སོས་པ་ཁྱེར་ནས་སྒོ་འགྲམ་གྱི་རྫིང་བུའི་འགྲམ་དུ་ཡོང་སྟེ། ཆུ་སྒོ་ཕྱེ་ནས་སྔོ་ཚལ་གཙང་མར་བཀྲུས་པ་རེད། ལོ་66ལ་སླེབས་པའི་ཆོས་སྐྱིད་ཀྱིས་ནང་མི་ལྔ་ལ་ཧོང་ཀྭ་ཤ་བརྔོས་མ་དང་པད་ཚལ་གྱི་ཁུ་བ་སོགས་དགུང་ཟས་བཟོ་འགོ་ཚུགས་པ་རེད།

     “རང་ཁྱིམ་གྱིས་བཏབ་པའི་སྦགས་བཙོག་མེད་པའི་སྔོ་ཚལ་ཟོས་ན་ཞིམ།” ཆོས་སྐྱིད་ཀྱིས་དེ་སྔོན་སྔོ་ཚལ་ཟ་བའི་གནས་ཚུལ་ལ་ཕྱིར་དྲན་བྱེད་དུས་སེམས་འགུལ་ཚད་མེད་ཐེབས་པ་རེད། ཁྱིམ་མཚེས་ཀྱི་སྦག་སྦག་ལ་བསྡད་ནས་སྤྱི་ལེ་40ཡི་སར་གནས་པའི་རྫོང་གྲོང་དུ་རིན་གོང་མཐོ་བའི་སྔོ་ཚལ་ཉོ་གི་འགྲོ་དགོས། ལྷག་པར་དུ་དགུན་ཁར་སླེབས་དུས། མཐོ་གྲང་འབྲོག་ཁུལ་དུ་གནས་པའི་ལི་ཐང་རྫོང་གིས་སྤྱི་ལེ་600ཡོད་པའི་ཕྱི་རོལ་ནས་དབོར་ཡོང་བའི་སྔོ་ཚལ་ཚང་མ་འཁྱགས་པ་ཆགས་པས། སོས་པ་མིན་ཡང་ཁུག་མ་ཆེན་པོ་གང་ཉོས་ནས་ཉར་དགོས་ཀྱི་ཡོད། “འཁྱགས་པ་ཆགས་པའི་སྔོ་ཚལ་དང་རུལ་བའི་སྔོ་ཚལ་ཟ་བ་ལས་ཐབས་མི་འདུག དངོས་གནས་སྔོ་ཚལ་ཟ་བ་ནི་ཤ་ཟ་བ་ལས་ཀྱང་དཀའ”ཞེས་བརྗོད།


     2016ལོའི་ལོ་མཇུག་ཏུ། ལི་ཐང་རྫོང་གིས་ནང་འདྲེན་བྱས་པའི་ཁམས་བོད་ཉི་འོད་ཀུང་སི་ཁམས་འགག་གྲོང་ཚོར་བཙུགས་ལ། ས་བབ་མཐོ་ཚད་སྨི་4000ཟིན་པའི་མཐོ་སར“གླིང་སྣེའི་ས་ཁུལ་གྱི་ཤིང་འབྲས་དང་སྔོ་ཚལ”བཏབ་པ་རེད། ཆོས་སྐྱིད་ཀྱི་བུ་ཚེ་རིང་དོན་གྲུབ་ཀྱིས་ཞོར་ལས་གཉེར་ཞོར་དུ་ལག་རྩལ་སྦྱངས་ནས། རང་ཁྱིམ་གྱི་མུའུ་ཕྱེད་ཙམ་ཡོད་པའི་ཚལ་ཞིང་འགྲམ་དུ་སྨི་ངོས་གྲུ་50ལྷག་ཙམ་ཟིན་པའི་སྔོ་ཚལ་དྲོད་ཁང་ཞིག་བསྐྲུན་ཏེ། སྔོན་ལ་དྲོད་ཁང་ནང་མྱུ་གུ་གསོས་ནས། མཐོངས་ཡངས་སུ་འདེབས་འཛུགས་བྱེད་པར་འཚམ་པ་རྣམས་ཕྱི་རོལ་དུ་སྤོས་འཛུགས་བྱས་པ་རེད།

     སྔོ་ཚལ་དྲོད་ཁང་ནང་། ཧོང་ཀྭ་དང་། ཆིན་ཚལ། ཙོང་སོགས་སྔོ་ཐིང་ཐིང་དུ་སྐྱེས་ཀྱི་ཡོད་ལ། འགག་རྩ་ནི་དགུན་ཁར་ཡང་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད་པ་དེ་རེད། དྲོད་ཁང་ཕྱི་རོལ་གྱི་པད་ཚལ་དཀར་པོ་དང་། སྔོ་ཚལ། ཞོག་ཁོག་སོགས་ཀྱང་སྐྱེ་སྟོབས་ཀྱི་དཔལ་འབར་བར་སྐྱེས་ཀྱི་ཡོད། “སྐབས་མང་པོ་ཞིག་ལ་ཟོས་ཚར་གྱི་མི་འདུག་པས། ཁྱིམ་མཚེས་ཚོར་མང་པོ་སྤྲད་པ་ཡིན”ཞེས་དགའ་སྤྲོའི་ངང་བཤད། གྲོང་ཚོའི་ནང་ཐོན་པའི་ལ་ཕུག་དཀར་པོ་ཚང་མ་ཤང་ཀང་དང་ཨའོ་མོན་དུ་བཙོངས་པ་དང་ཚང་མ་འཕྲུལ་ཆས་ཅན་གྱི་འདེབས་བསྡུ་བྱས་པ་རེད། དྲོད་ཁང་ཆེ་མོའི་ནང་གི་ཀྲོ་མ་ཀྲུ་དང་འབྲི་ཏ་ས་འཛིན་སོགས་སྔོ་ཚལ་དང་ཤིང་ཏོག་རིགས་བཅུ་ལྷག་ནི་ཁྲེང་ཏུའུ་སོགས་ས་ཁུལ་གྱི་བྲིན་ཁ་རྒྱུག་པའི་ཚོང་ཟོག་ཏུ་གྱུར་ཡོད། “གླིང་ཁུལ་+ཀུང་སི་+རྟེན་གཞི་+ཞིང་དུད”ཀྱི་ཐོན་ལས་རྣམ་པས། ཆོས་སྐྱིད་ཚང་ལ་ལས་གཉེར་བའི་ཡོང་འབབ་ཡོད་པ་བྱས་པ་མ་ཟད། ད་དུང་འདེབས་འཛུགས་ལག་རྩལ་ཡང་བསླབས་པ་བྱས་ཡོད་པས། ཁོ་མོས་ད་ནས་བཟུང་སྔོ་ཚལ་ཟ་བར་སེམས་ཁྲལ་བྱེད་མི་དགོས་པ་རེད།


     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་ལི་ཐང་རྫོང་གིས་ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་གནམ་གཤིས་འོག་ཞིང་འབྲོག་མང་ཚོགས་ཀྱི་སྔོ་ཚལ་དཀོན་པ་དང་སྔོ་ཚལ་གྱི་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་བྱ་ཆེད། སྲིད་གཞུང་གིས་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་1000ལྷག་ཙམ་ཁ་གསབ་བྱས་ནས། ཐག་རིང་ལུང་ཁུག་གི་ཞིང་ཁུལ་དུ་སྔོ་ཚལ་དྲོད་ཁང་ཆུང་གྲས་2800ལྷག་ཙམ་འཛུགས་སྐྲུན་བྱས་པ་ཁྱབ་གདལ་བྱས་པ་རེད། ཞིང་དུད་ཀྱི་འགྲོ་སོང་ཉུང་དུ་ཕྱིན་བ་མ་ཟད། སྔོ་ཚལ་སོས་པ་བཟའ་རྒྱུ་བྱུང་ཞིང་། ད་དུང“ཤ་ཚལ་སྒོང་གསུམ”ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།


http://tibet.people.com.cn/15820321.html

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1