གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༠༦ཉིན།

ཀྲུང་དབྱང་ནོར་སྲིད་ཀྱིས་2020ལོའི་སློབ་མར་རོགས་དངུལ་དང་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་553བཀོད་སྒྲིག་བྱས་པ།


 
    ● “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ནོར་སྲིད་པུས་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། རིམ་རྩིས་བྱས་ན་སློབ་མར་རོགས་དངུལ་དང་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་2243བཀོད་སྒྲིག་བྱས་པས་ལོ་རེར་ཆ་སྙོམས་8.7%འཕར་བ་དང་། ཧ་ལམ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་མི་ཐེངས་ཁྲི་3359དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་མི་ཐེངས་ཁྲི་6838 མཐོ་རིམ་སློབ་གསོའི་སློབ་མ་མི་ཐེངས་ཁྲི་3437བཅས་ལ་ཕན་པ་ཐོབ་ཡོད།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནོར་སྲིད་པུས་2020ལོའི་སློབ་མར་རོགས་དངུལ་དང་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་553བཀོད་སྒྲིག་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་48.4འཕར་བ་དང་འཕར་ཚད་9.6%ཟིན་ཡོད། མ་དངུལ་དེ་དག་ས་གནས་ཁག་གིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་དང་། འབྲིང་རིམ་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་འབྲེལ་ཡོད་བྱ་དགའི་སློབ་སྐྱོར་རོགས་དངུལ་དང་། སློབ་ཡོན(ཙག་ཙིག)རྩ་ཆག་གཏོང་བའི་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་མི་ཐེངས་ཁྲི་691.8དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་མི་ཐེངས་ཁྲི་1494 མཐོ་རིམ་སློབ་གསོའི་སློབ་མ་མི་ཐེངས་ཁྲི་848.6བཅས་ལ་ཕན་པ་ཐོབ་རྒྱུ་རེད།
   2020ལོར་ནོར་སྲིད་པུས་སློབ་མའི་ཁ་གསབ་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་དང་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་ས་ཁུལ་དབུལ་པོ་དང་ཉམས་ཞན་ལྷུ་ཚིགས་ལ་སྔར་བས་གཟིགས་སྐྱོང་བྱ་རྒྱུ་ཡིན་ཞིང་། གཅིག་ནས《དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང《ཟློས་གར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ་ཞིག་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི》འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱས་ནས་2020ལོའི་སྟོན་ཀའི་སློབ་དུས་ནས་བཟུང་། 
    མི་རིགས་ས་ཁུལ་གྱི་གྲོང་ཁྱེར་གྱི་ཐེམ་ཐོའི་ཞིང་འབྲེལ་ཆེད་ལས་མིན་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་མེད་པའི་སློབ་མ། ཟློས་གར་འཁྲབ་སྟོན་གྱི་ཆེད་ལས་སློབ་མ་བཅས་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་མི་དགོས་པའི་ཁྱབ་ཁོངས་སུ་འཇུག་རྒྱུ་དང་། སྐབས་དེར་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་ཁྲོད་ནས་གྲོང་གསེབ(རྫོང་དང་གྲོང་རྡལ་ཚུད་པ)ཀྱི་སློབ་མ་དང་། གྲོང་ཁྱེར་གྱི་ཞིང་ལས་དང་འབྲེལ་བའི་ཆེད་ལས་ཀྱི་སློབ་མ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ། མི་རིགས་ས་ཁུལ་གྱི་སློབ་གྲྭའི་སློབ་ཞུགས་སློབ་མ། ཟློས་གར་འཁྲབ་སྟོན་ཆེད་ལས་ཀྱི་སློབ་མ(སྒྱུ་རྩལ་རིགས་གཞན་དག་གི་འབྲེལ་ཡོད་འཁྲབ་སྟོན་ཆེད་ལས་ཀྱི་སློབ་མ་ཕུད)བཅས་ཚང་མར་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་ས་གནས་ཁག་གིས་ཞིང་ཆེན་རིམ་པའི་སྤྱི་འདོམས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དང་ལྷག་པར་དུ་སྒོ་བྱང་བཀལ་ནས་དམག་འཐབ་ལ་ལྟ་སྐུལ་བྱེད་པའི་ས་ཁུལ་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དེར་མཁོ་བའི་མ་དངུལ་དུས་ཐོག་ཏུ་འདང་ངེས་བཀོད་སྒྲིག་བྱེད་དགོས་པ། གསུམ་ནས་རོགས་དངུལ་གནད་ལ་འཁེལ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཁྱིམ་ཚང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་གཏན་འཁེལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ། ས་གནས་ཁག་གིས་ས་ཁུལ་མི་འདྲ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། ཁྱིམ་ཚང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཁྱབ་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིག་བྱས་ནས། ཁོངས་གཏོགས་ཁུལ་གྱི་ཆུས་དང་། རྫོང་། སློབ་གླིང་། སློབ་གྲྭ་བཅས་དབར་ཚན་རིག་དང་མཐུན་པའི་སྒོ་ནས་རོགས་དངུལ་སྤྲོད་པའི་མི་གྲངས་དང་མ་དངུལ་བགོ་བཤའ་བརྒྱབ་ནས་སྟབས་བདེའི“བརྒྱ་ཁ་གཅིག་གཅོད”བྱེད་མི་རུང་བའི་བླང་བྱ་བཏོན་ཡོད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ནོར་སྲིད་པུས་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། རིམ་རྩིས་བྱས་ན་སློབ་མར་རོགས་དངུལ་དང་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་2243བཀོད་སྒྲིག་བྱས་པས་ལོ་རེར་ཆ་སྙོམས་8.7%འཕར་བ་དང་། ཧ་ལམ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་མི་ཐེངས་ཁྲི་3359དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་མི་ཐེངས་ཁྲི་6838 མཐོ་རིམ་སློབ་གསོའི་སློབ་མ་མི་ཐེངས་ཁྲི་3437བཅས་ལ་ཕན་པ་ཐོབ་ཡོད།
   ནོར་སྲིད་པུས་བསྟན་དོན། གོམ་སྟབས་རྗེས་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སློབ་མའི་རོགས་དངུལ་ལམ་ལུགས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར་བྱེད་པ་དང་གཞི་རྩའི་དམངས་འཚོའི་མཐའ་ཚད་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱས་ནས་སློབ་གསོ་གཞུང་དྲང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1