གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༢ཉིན།

ཉག་ཆུ་རྫོང་གིས་ཤ་མོའི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་སྙེག

            ཐོན་ལས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་བྱ་རྒྱུ་དང་རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཞིང་གྲོང་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་འཚོའི་སྲིད་ཇུས་གལ་ཆེན་ཞིག་ཏུ་ཆགས་ཡོད་ལ། ཉེ་སྔོན། གསར་འགོད་པ་གཞི་རིམ་དུ་སྐྱོད་པའི་གསར་འགྱུར་ཚོ་ཆུང་དཀར་མཛེས་ཁུལ་ཉག་ཆུ་རྫོང་བེར་ཤ་ཐོན་ལས་གླིང་ཁུལ་དུ་སོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། ས་གནས་དེ་གས་མགྱོགས་མྱུར་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་རིམས་ནད་ཀྱིས་བཟོས་པའི་གྱོང་གུད་སླར་གསོ་བྱེད་བཞིན་འདུག

            ཉག་ཆུ་རྫོང་ཤ་མོ་ཐོན་ལས་གླིང་ཁུལ་ནི་ཉག་ཆུ་རྫོང་སྲིད་གཞུང་དང་དཀར་མཛེས་ཁུལ་རི་དཀྱིལ་ཞིང་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་མཉམ་དུ་གཉེར་བའི་དབུལ་བྲལ་ལས་གཞི་ཞིག་ཡིན་ལ། སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་། རྟེན་གཞི་གསུམ་མཉམ་འབྲེལ་གྱི་རྣམ་པ་སྤྱད་ནས། ཁོངས་བརྒལ་བཟའ་ཆོག་ཤ་མོའི་དཔེ་སྟོན་ཁུལ་བཙུགས་པ་བརྒྱུད། ཐོན་སྐྱེད་བྱས་པའི་བཟའ་ཆོག་ཤ་མོ་མ་གོང་ལྟར་མཉམ་ལས་ཁང་དང་གྲོང་སྡེའི་ནང་གི་དབུལ་ཕོངས་དུད་ཁྱིམ་ལ་མཁོ་འདོན་བྱེད་པ་མ་ཟད། ཉེ་འཁོར་གྱི་མང་ཚོགས་ལ་ལས་ཞུགས་གོ་སྐབས་སྤྲད་ནས་ཡོང་འབབ་ཁ་སྣོན་བྱེད་བཞིན་འདུག མིག་སྔར། ལས་གཞི་འདིས་རི་སྐྱེས་བཟའ་ཆོག་ཤ་མོ་ཐོན་ཁུངས་གསར་སྤེལ་དང་ལས་སྣོན་ཞིབ་མོ་བྱས་ནས། ཉོ་འཚོང་དང་ཟས་མཆོག་མྱོང་རོལ། རིག་གནས་དྲིལ་བསྒྲགས་སོགས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་མ་ལག་ཞིག་ཆགས་ཡོད།

            མིག་སྔར། གླིང་ཁུལ་གྱིས་ལྗོངས་གཟིགས་སྟེགས་བུ་ཞིག་གསོ་བྱེད་བཞིན་ཡོད་ལ།   རིམས་ནད་ཀྱི་གནོད་པ་ཐེབས་པས། ལྗོངས་གཟིགས་སྟེགས་བུ་འདི་རེ་ཞིག་ལས་མཚམས་འཇོག་དགོས་བྱུང་ཡང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་བརྒྱུད། རིམས་འགོག་མི་ལྷོད་པའི་ཆ་རྐྱེན་འོག ལས་བཟོ་པ་དག་གིས་ཉིན་མཚན་མེད་པར་འཛུགས་སྐྲུན་གྱི་ལས་ལ་བྲེལ་བཞིན་ཡོད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1