གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༩ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་ཨ་རིས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱས་ནས་རིགས་རྒྱུད་མཐོང་ཆུང་བྱེད་མཚམས་འཇོག་རྒྱུའི་སྐུལ་མ་བཏང་བ།

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིགས་རྒྱུད་མཐོང་ཆུང་མེད་པ་བཟོ་བའི་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས། ཨ་ཧྥེ་རི་ཁའི་རྒྱུད་པའི་སྐྱེས་པ་ཆའོ་ཀྲི·ཧྥོ་ལུའོ་དབྱི་ཏེའི“ཡིད་སྐྱོ་བའི་ངང་འཆི་བའི”དོན་རྐྱེན་དང་དེ་བཞིན་ལོ་མང་རིང་ཨ་རིར་རྒྱུན་མཐུད་ངང་ཐོན་པའི་ཨ་ཧྥེ་རི་ཁའི་རྒྱུད་པའི་ཨ་རི་བར་དམིགས་པའི་གཏུམ་སྤྱོད་ལ་དོ་ཁུར་ཟབ་མོ་བྱེད་ལུགས་མཚོན་པ་དང་ཨ་རིས་འབྲེལ་ཡོད་རྒྱལ་སྤྱིའི་སྤྱི་ཆིངས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་རིགས་རྒྱུད་མཐོང་ཆུང་བྱེད་མཚམས་འཇོག་རྒྱུ་དམིགས་ཡུལ་དུ་འཛིན་པའི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་འཕྲལ་དུ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།
     གསལ་བསྒྲགས་ནང་། ཨ་རི་སྲིད་གཞུང་གིས་1994ལོར་རང་ངོས་ནས་ཆོག་མཆན་སྤྲད་པའི《རྣམ་པ་གང་རུང་གི་རིགས་རྒྱུད་མཐོང་ཆུང་བྱེད་མཚམས་འཇོག་པའི་རྒྱལ་སྤྱིའི་སྤྱི་ཆིངས》ལ་བརྩི་སྲུང་གང་ལེགས་ཞུ་དགོས་པ་དང་འབྲེལ། རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཁྲིམས་འཛིན་མི་སྣས་སྤྱི་ཆིངས་དེའི་འབྲེལ་ཡོད་གཏན་འབེབས་ཤེས་རྟོགས་ཐུབ་པའི་འགན་ལེན་བྱེད་དགོས། ཨ་རི་སྲིད་གཞུང་གིས་རྒྱལ་ནང་དུ་བརྒྱུད་རིམ་རང་བཞིན་གྱི་རིགས་རྒྱུད་མཐོང་ཆུང་གི་གནད་དོན་ཡོད་པ་ཡོངས་བསྒྲགས་ངང་ཁས་ལེན་བྱེད་དགོས་པ་དང་འབྲེལ། རིགས་རྒྱུད་མཐོང་ཆུང་ལས་ཐོན་པའི་ཨ་ཧྥེ་རི་ཁའི་རྒྱུད་པའི་ཨ་རི་བ་དང་གྲངས་ཉུང་རིགས་རྒྱུད་གཞན་དག་གི་མི་བསད་པའི་དོན་རྐྱེན་ལ་ཆ་རྐྱེན་གང་ཡང་མེད་པར་རྒོལ་གཏམ་གཏོང་དགོས་ཞེས་འཁོད་ཡོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁའི་ཚོགས་པའི་བླང་བྱ་ལྟར། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་17ཉིན་ཛ་དྲག་ཚོགས་འདུ་འཚོག་རྒྱུའི་ཐག་བཅད་དེ་རིགས་རྒྱུད་མཐོང་ཆུང་དང་། ཉེན་རྟོག་པའི་གཏུམ་སྤྱོད། ཞི་བའི་རྔམ་སྟོན་ལ་དྲག་གནོན་བྱེད་པ་སོགས་ཀྱི་གནད་དོན་ལ་གཅིག་སྡུད་ཐོག་གྲོས་བསྡུར་བྱ་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1