གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༡ཉིན།

ཨུ་རུ་སུས་སྐར་མ་མིག་དམར་ཐོག་ཚེ་སྲོག་འཚོལ་ཐབས་གསར་པ་བཏོན་ཡོད།


    མོ་སི་ཁོ་སློབ་ཆེན་སི་ཁོ་པེ་ལི་ཚེན་ཉིང་རྡུལ་དངོས་ཁམས་ཚན་རིག་ཞིབ་འཇུག་ཁང་གི་སུའོ་ཀྲང་། བར་སྣང་ཞིབ་འཇུག་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མི་ཧྭ་དབྱིར་ཕཱ་ན་ཞུའུ་ཁེ་ཡིས། ཨུ་རུ་སུའི་ཚན་རིག་པས་སྐར་མ་མིག་དམར་དང་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལ་གཞན་པའི་ཐོག་ཚེ་སྲོག་འཚོལ་བའི་ཐབས་ཤེས་གསར་པ་ཞིག་ཞིབ་འཇུག་གསར་སྤེལ་བྱེད་ཡོད་པ་སྟེ། འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་བེད་སྤྱོད་པའམ་ཡང་ན་སྐམ་སའི་འབབ་ཚུགས་ཀྱིས་དེའི་ཕྱི་ངོས་ལ་སྐུལ་འོད་བཤར་འབེབས་བྱས་ཏེ་བརྡར་ཤ་གཅོད་པ་རེད།  འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ནི་《མཁའ་དབྱིངས་ཞིབ་འཇུག》ཅེས་པའི་དུས་དེབ་གསར་ཤོས་ཐོག་སྤེལ་ཡོད།
མི་ཧྭ་དབྱིར་ཕཱ་ན་ཞུའུ་ཁེ་ཡིས། “ང་ཚོའི་སློབ་ཆེན་གྱི་སྐྱེ་དངོས་མཁས་དབང་གིས་བཏོན་པའི་ཐབས་ཤེས་ལ་གཞིགས་ནས། ང་ཚོས་ཚད་འཇལ་བྱེད་ཐབས་དང་ཕྱི་རིམ་བར་སྟོང་གི་སྐྱེ་དངོས་ཕྲ་རབ་གསོན་ཚད་གཏན་འཁེལ་བྱེད་པའི་དཔྱད་ཆས་ཤིག་བཏོན་ཡོད། བྱེད་ཐབས་དེ་ནི་ཕྲ་མཐོང་ཆེ་ཆུང་གི་སྐྱེ་དངོས་བྱ་ཡུལ་ལ་སྐུལ་འོད་ཆུན་པོ་འཕྲོས་རྗེས་ཆེམ་འོད་རྩིབས་འཕྲོའི་ཁྱད་ཆོས་ལ་བརྟེན་ནས་ང་ཚོས་ཞིབ་འཇུག་བྱེད་པའི་དངོས་པོའི་ཐོག་ཏུ་ཚེ་སྲོག་ཡོད་མེད་བརྡར་ཤ་གཅོད་ཐུབ།”ཅེས་བརྗོད། ཁོང་གིས། དཔྱད་ཆས་དེ་ལ་བརྟེན་ནས། སྤྱི་ལེ་བརྒྱ་ལྷག་མཚམས་ཀྱི་དངོས་གཟུགས་ཞིབ་བཤེར་བྱེད་ཐུབ། འོན་ཀྱང་ཐབས་ཤེས་དེས་ས་ངོས་ཀྱི་ཚེ་སྲོག་གི་རྗེས་ཤུལ་ལས་རྙེད་ཐུབ་ཀྱི་མེད། 
   མོ་སི་ཁོ་སློབ་ཆེན་སི་ཁོ་པེ་ལི་ཚེན་ཉིང་རྡུལ་དངོས་ཁམས་ཚན་ཞིབ་ཁང་། དངོས་ལུགས་དང་སྐྱེ་དངོས་སྡེ་ཁག པེ་ལོ་ཚེ་ཨེར་སི་ཅི་དངོས་ལུགས་རིག་པའི་ཞིབ་འཇུག་ཁང་བཅས་ཐབས་ཤེས་འདིའི་ཞིབ་འཇུག་ལས་དོན་ལ་ཞུགས་ཡོད་པ་རེད། ལས་དོན་འདི་ནི་ཨུ་རུ་སུ་རུའི“ལྡིང་མདའ་ ”འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཀྱི་ཚན་རིག་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་གྱི་སྒྲོམ་གཞིའི་ནང་ལག་བསྟར་བྱས་པ་རེད། འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་དེ་ནི་སྐར་མ་མིག་དམར་འཚོལ་ཞིབ་དང་དེ་འབྲེལ་གྱི་མིག་དམར་སྲུང་སྐར་གཅིག་གི་ས་རྒྱུའི་མ་དཔེ་སའི་གོ་ལར་ཁྱེར་ཡོང་བར་བེད་སྤྱོད་རྒྱུ་རེད། 
    ཞིབ་འཇུག་གིས་ར་སྤྲོད་བྱས་པ་སྟེ། སྐམ་སའི་ས་ཚིགས་དང་འཁྱམ་མྱུག་འཁོར་ལོས་ཁྱབ་རྒྱ་ཆེ་བའི་སྒོ་ནས་ཚེ་སྲོག་གི་རྗེས་ཤུལ་ལ་ཞིབ་འཇུག་བྱེད་ཐབས་བྲལ་བ་དང་། ཐད་འཕུར་དཔྱད་ཆས་དང་དབུགས་ལྒང་། འཕུར་གྲུ་བཅས་ནི་རྒྱུ་སྐར་ལ་ཞིབ་འཇུག་བྱེད་པའི་རླུང་ཁམས་ཆེན་པོའི་སྟུག་ཚད་དང་རླུང་ཕྱོགས་ལ་རག་ལས་ཡོད་པས། བཤར་འབེབས་སྒྲིག་ཆས་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་སུ་འཇོག་པ་ནི་ཆེས་ལེགས་པའི་གདམ་ག་ཞིག་ཡིན་ལ། ཐ་ན་སྐམ་སའི་ཐོག་ཏུ་འབབ་པའི་དཔྱད་ཆས་རྒྱུ་སྐར་དུ་བབས་རྗེས་ཚེ་སྲོག་འཚོལ་བར་ཡང་འཚམ་པོ་ཡོད། 
    སའི་གོ་ལའི་སྟེང་གི་ཚེ་སྲོག་ནི་སྐྱེ་དངོས་ཕྲ་རབ་ལས་བྱུང་བ་དང་། དེའི་ནང་གི་སྐྱེ་དངོས་ཕྲ་རབ་ཁ་ཤས་ཀྱིས་བར་སྣང་དང་འདྲ་བའི་ཆ་རྐྱེན་ཐལ་ཆེ་བ་ཐེག་ཐུབ་པས། ཚན་རིག་པས་ཉི་མའི་ཁྱིམ་རྒྱུད་ནང་གི་ཚེ་སྲོག་གི་རྗེས་ཤུལ་འཚོལ་སྐབས་ཐོག་མར་ཆེས་སྟབས་བདེ་བའི་སྐྱེ་དངོས་ཕྲ་རབ་འཚོལ་རྒྱུར་དོ་སྣང་བྱེད་དགོས་པའི་སྡོམ་ཚིག་བཞག་པ་རེད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1