གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༨ཉིན།

གཙང་གསུམ་འབྱུང་ཡུལ་གྱི་ལས་གཞི་ཆེན་མོ་འདིའི་ལས་རིམ་འདིར་སླེབས།


        ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱིས༼གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ལས་ཀའི་ཇུས་གཞི༽ཞེས་པ་དངོས་སུ་པར་འགྲེམས་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ལས་འགན་ལ་གཞིགས་ནས། སྤྱི་གླིང་དངོས་སུ་འཛུགས་པའི་སྔོན་འགྲོའི་ལས་དོན་ཁག་ལ་ཁྱོན་ཡོངས་ དང་མ་ལག་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད་པ་རེད། དེ་ལས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་དེ་མཐའ་མའི་དུས་མཚམས་སུ་སླེབས་པ་མཚོན་ཡོད་པ་རེད། 

  རི་བོ་སྟོང་གི་ཕ་ས།
       ཇུས་གཞི་ལྟར་ན། ད་ལོའི་ཟླ5པའི་ཟླ་དཀྱིལ་སྔོན་ལ་གྲ་སྒྲིག་བྱེད་པའི་དུས་རིམ་ཡིན་པ་དང་། ཟླ5པ་ནས་ཟླ7པའི་ཟླ་མཇུག་བར་ནི་སྐུལ་འདེད་གཏོང་བའི་དུས་རིམ་ཡིན། ཟླ8པ་ནས་ཟླ9པའི་ཟླ་མཇུག་བར་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་དང་། ཟླ10པ་ནས་ཟླ12པའི་ཟླ་མཇུག་བར་སྤྱི་གླིང་འཛུགས་པའི་དུས་མཚམས་ཡིན་པ་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་གནང་བའི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཐོག་མ་དེ་རེད། སྒྲིག་གཞི་དེ་ཚོད་ལྟ་བྱས་ཚུན། མཚོ་སྔོན་ཞིང་ཆེན་གྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཤིང་། སྔ་རྗེས་སུ་ཐོག་མའི་གསར་གཏོད་རང་བཞིན་གྱི་སྒྱུར་བཅོས་རབ་དང་རིམ་པ་བྱས་ནས། ཁྲིམས་འཛིན་ལྟ་སྡོམ་ཐར་ཐོར་ཅན་དུ་གྱུར་བའི་གནད་དོན་ཐག་གཅོད་ཀྱིས།   རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་མཐུན་སྦྱོར་བྱས་ནས་གཙང་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གསར་གཏོད་ཀྱི་ལམ་བུ་ཞིག་བཏོད་ཡོད་པ་རེད།

ཆུ་མོ་ཁྲི་ཡི་འབྱུང་ཁུངས།
       གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འགན་འཁུར་བ་གཙོ་བོས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་གླིང་འཛུགས་པའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བ་བྱ་ཆེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་རང་བྱུང་ཐོན་ཁུངས་པུའུ་ཡི་ལྟ་ཞིབ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་དཔྱད་དཔོག་བསམ་འཆར་དང་། དེ་བཞིན་གོང་གསལ་ཇུས་གཞིའི་བླང་བྱར་གཞིགས་ནས་གཙོ་གནད་ལས་དོན་གྱི་འཕེལ་རིམ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་དཔེ་རིས་བཟོས་ཡོད་ལ། ལས་ཀའི་ལས་འགན་ཁག45ལ་དམིགས་ནས་བྱ་ཐབས་ཞིབ་ཕྲ་བཏོན་ནས་ཟླ་རེར་ལྟ་སྐུལ་མཛུབ་ཁྲིད་ཐེངས་གཉིས་བྱས་པ་དང་། སྒྲིག་གཞིའི་ཚོད་ལྟའི་ཁྲོད་ཀྱི་ཞན་ཆ་དང་མི་འདང་བའི་ཆ་གསབ་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1