གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༤ཉིན།

རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་དོན། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་བ་བཅད་པས་རྒྱལ་སྤྱིའི་འཕྲོད་བསྟེན་མཉམ་ལས་ལ་གྱོང་གུན་ཕོག་སྲིད།

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཨ་རི་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་བ་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་པར་དམིགས་ཏེ་དབྱིན་ཇིའི《རང་བྱུང》དུས་དེབ་ཐོག་ཉིན་ཤས་གོང་རིགས་གཅིག་མཁས་ཅན་མང་པོའི་སྐད་ཆ་དྲངས་ཏེ་ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་དང་དེ་བཞིན་ཚན་ཞིབ་མཉམ་ལས་ཐད་གྱོང་གུན་ཕོག་སྲིད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
     རིགས་གཅིག་མཁས་ཅན་ཚོས་རྩོམ་ཡིག་ནང་ཨ་རི་སྲིད་གཞུང་གི་བྱེད་སྟངས་དེ་ལས་བྱུང་བའི་མཇུག་འབྲས་ལ་སོ་སོའི་ལྟ་སྟངས་བརྗོད་པ་སྟེ་བྱིས་པའི་སྦྲིད་ནད་དང་འདར་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་རྐྱེན་ཕོག་པ་དང་། ཏོག་དབྱིབས་ནད་དུག་གསར་པའི་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་བཀག་འགོག་བཟོ་བ། གོ་ལ་ཧྲིལ་པོའི་ཚན་ཞིབ་མཉམ་ལས་ལ་གྱོང་གུན་བཟོ་སྲིད་ལ། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བྱ་སྤྱོད་ཐད་ཀྱི་ཨ་རིའི་ཤུགས་རྐྱེན་ཡང་ཆུང་དུ་འགྲོ་སྲིད།
     རིགས་གཅིག་མཁས་ཅན་ཚོས་ཨ་རི་ཕྱོགས་ཀྱི་བྱེད་སྟངས་ཀྱིས་བྱིས་པའི་སྦྲིད་ནད་རྩ་བཅོས་བྱེད་པ་དང་། འདུས་འདྲིལ་ནད་དང་། ཨེ་ཙེའི་ནད། སོགས་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་ཀྱི་རྣམ་གྲངས་ཉུང་དུ་མི་གཏོང་དཀའ་མེད་དུ་གྱུར་ནས་མི་དེ་བས་མང་བར་ནད་ཡམས་ཀྱི་གནོད་འཚེ་ཕོག་པ་མ་ཟད་འཆི་ཉེན་ཡང་ཡོད་ཅེས་བརྗོད།
     ཨ་རི་ཕྱོགས་ཀྱིས་བྱེད་ཐབས་གཞན་སྤྱད་དེ་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་རྣམ་གྲངས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་པར་དམིགས་ཏེ་ཨ་རིའི་ཇུས་འདོན་ཚོགས་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཨཱ་མན་ཏ·ཀེ་ལཱ་སི་མན་གྱིས་ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་བྱེད་དགོས་པ་མ་ཟད། ངེས་པར་དུ་དེའི་ཐད་ཀྱི་འགན་འཁྲི་ཆེ་རུ་གཏོང་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ཀྱི་འབྲེལ་བ་མང་པོ་བཙུགས་མེད་པའི་རྒྱལ་ཁབ་ཁྲོད་དུའང་རྣམ་གྲངས་ཡོད་པས་ཨ་རིས་བྱེད་ཐབས་གཞན་བརྒྱུད་རྒྱལ་སྤྱིའི་འཕྲོད་བསྟེན་མཉམ་ལས་བྱེད་བསམ་

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1