གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༣ཉིན།

ཞི་ཅིན་ཕིང་གིས་ཧེ་ནན་རང་མོས་གྲུ་ཁའི་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་།

        ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། ཧེ་ནན་ཞིང་ཆེན་གྱིས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་ཆེན་པོ་གཉིས་ལ་དམིགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་འཐབ་ཇུས་ཇུས་གཞི་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱི་དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་འཕེལ་རིམ་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་འབྲེལ་མཐུད་བྱེད་པ་དང་། ཐོན་སྐྱེད་རྒྱུ་རྐྱེན་རང་མོས་དང་སྟབས་བདེ་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས་ལ། སྤུས་ཚད་མཐོ་ཞིང་ཚད་གཞི་མཐོ་བའི་སྒོ་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་དགོས། ལམ་ལུགས་གཅིག་བསྡུས་གསར་སྐྲུན་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ་བསམ་བློ་བཅིངས་འགྲོལ་དང་སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་པ་དང་། ལས་གཞི་རེ་རེར་ཆ་རྐྱེན་ལྡན་ཚེ་ལག་བསྟར་བྱས་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་ཟེར།
        ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁ་ལག་བསྟར་བྱེད་པའི་ཁྱབ་ཁོངས་ནི་ཧེ་ནན་གླིང་ཕྲན་ཡོངས་ཡིན་ལ། ཉིས་སྟོང་ཉེར་ལྔ་ལོའི་བར་ཉོ་ཚོང་རང་མོས་སྟབས་བདེ་དང་དངུལ་གཏོང་རང་མོས་སྟབས་བདེ་གཙོ་ཡིན་པའི་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ལམ་ལུགས་མ་ལག་རིམ་བཞིན་འཛུགས་དགོས་པ་དང་། ཉིས་སྟོང་སོ་ལྔ་ལོའི་བར་རང་རྒྱལ་དུ་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་གསར་མཐོ་རྟེན་གཞི་རུ་འགྱུར་བར་བྱེད་པ། དུས་རབས་འདིའི་དུས་དཀྱིལ་བར་རྒྱལ་སྤྱིའི་སྟེང་དུ་ཤུགས་རྐྱེན་ཅུང་ཆེ་ཞིང་ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་གྲུ་ཁ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ངེས་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1