གཙོ་ངོས།>> གནའ་ཤུལ།>>གནའ་ཤུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༢ཉིན།

༄༅།།རྡོ་གཡའ་མའི་འོག་གི་བོད་ཁང་།



     ཉག་རོང་རྫོང་དང་སྤྱི་ལེ60ཙམ་རྒྱང་བའི་གླག་རི་མའི་གྲོང་སྡེ་ཡི་ཕྱོགས་བཞིའི་རི་ཆུ་ནི་མཛེས་ཤིང་ལྟ་ན་སྡུག་ལ་བོད་ཁང་ཚང་མའི་ཐོག་ལ་རྡོ་གཡའ་མ་བཀབ་ཡོད་པས་ས་ཆ་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིག་འདུག  ས་ཆ་དེའི་མིང་ལ་གླག་རི་མ་དང་ལྷ་རི་མ་ཞེས་འབྲི་སྲོལ་གཉིས་འདུག་པ་ལས་གཡས་གཡོན་གྱི་རི་བོ་གཉིས་ནི་བྱ་གླག་གིས་གཤོག་པ་བརྐྱངས་པ་ལྟ་བུ་ཡིན་པས་གླག་རི་མ་ཞེས་པ་དང་། ལྷ་རིགས་གསུམ་མགོན་པོའི་གནས་རི་གསུམ་གྱི་བར་དུ་ཆགས་ཡོད་པས་ལྷ་རི་མ་ཞེས་ཐོགས་པ་རེད་ཟེར་མོད། ས་དེ་གའི་རྒན་རྒོན་རྣམས་ཀྱིས་གླག་རི་མ་ཞེས་པ་ནི་དེ་སྔོན་ནས་ཡོད་ལ་ལྷ་རི་མ་ཞེས་པ་ནི་རྗེས་སུ་མི་ཁ་མཁས་པ་ཚོས་བཏགས་པ་རེད་ཟེར་བ་ལྟར་ན་གླག་རི་མ་ཞེས་པ་བདེན་ཚོད་འདུག  གྲོང་སྡེ་དེ་རུ་དེ་སྔོན་གྱི་མཆོད་རྟེན་རྙིང་པ་དང་བཀའ་འགྱུར་རྡོ་བརྐོས། བྲག་རྫོང་དགོན་པ་སོགས་སྲོལ་རྒྱུན་གྱི་རྗེས་ཤུལ་མང་པོ་མཇལ་རྒྱུ་འདུག ད་ལྟར་ཏང་ཨུའུ་སྲིད་གཞུང་གི་དྲིན་ལ་བརྟེན་ནས་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། མི་སེར་ཚོའི་ཡོང་སྒོའི་ཆེད་དུ་ཡུལ་སྐོར་ལྗོངས་རྒྱུའི་སྐོར་ལ་འབད་པ་བྱེད་བཞིན་ཡོད་པས་ཡུན་མི་རིང་བར་གྲོང་སྡེ་དེའི་འཚོ་བའི་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་སོགས་གང་ཅིའི་ཐད་ལ་སྔར་དང་མ་འདྲ་བའི་འཕོ་འགྱུར་ཡོང་ངེས་རེད།

 

བྲག་རྫོང་དགོན་པའི་ཟུར་ཞིག།

གླག་རི་མ་གྲོང་སྡེ།

རྡོ་བརྐོས་རྙིང་པ།

མཆོད་རྟེན་རྙིང་པའི་ཤུལ།

མཆོད་རྟེན་རྙིང་པའི་ཤུལ།

བཀའ་འགྱུར་རྡོ་བརྐོས་མ་རྙིང་པ།

བཀའ་འགྱུར་རྡོ་བརྐོས་མ་གསར་པ།

མཆོད་རྟེན་རྙིང་པའི་ཤུལ།

མཆོད་རྟེན་རྙིང་པའི་ཤུལ།

ཁང་པའི་ཐོག་གི་རྡོ་ལེབ།

གླག་རི་མ་གྲོང་སྡེ།

རྡོ་བརྐོས་རྙིང་པ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1