གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༢ཉིན།

ཏོག་གསར་གློ་ཚད་རིམས་ནད་ལས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་དགོས་ངེས་རང་བཞིན་དང་དགོས་གཏུག་རང་བཞིན་མངོན་གསལ་དོད་པ།


—— ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་སློབ་ཆེན་བརྒྱད་པའི་དགེ་རྒན་ཆེ་མོ་བ་ཕི་ཁེར་ལ་བཅར་འདྲི་ཞུས་པ།

 
     ཉིན་ཤས་གོང་། ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་སློབ་ཆེན་བརྒྱད་པའི་དགེ་རྒན་ཆེ་མོ་བ་ཕི་ཨེར·ཕི་ཁེར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་ནི་ཀྲུང་གོས་མིའི་རིགས་ཀྱི་ཞི་བདེ་དང་བདེ་རྩ་སྲུང་སྐྱོང་བྱ་ཆེད་བཏོན་པའི་གྲོས་འགོ་གལ་ཆེན་ཞིག་རེད། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་ཉམས་ཉེན་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་དགོས་ངེས་རང་བཞིན་དང་དགོས་གཏུག་རང་བཞིན་འབུར་དུ་མངོན་གྱི་འདུག་ཅེས་བརྗོད་པ་རེད།
     ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས། པེ་ཅིང་དུ་ཀྲུང་ཕྱིའི་གསར་འགོད་པས་བཏོན་པའི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་སྐོར་གྱི་དྲི་བར་ལན་བརྒྱབ་ཅིང་། ཕི་ཁེར་གྱིས་དེ་ཉིན་ཕ་རི་སི་ནས་གསར་འགོད་པའི་ཚོགས་འདུའི་ཐད་གཏོང་ལེ་ཚན་བལྟས་པ་རེད།
     ཕི་ཁེར་གྱིས་གསར་འགོད་པའི་ཚོགས་འདུའི་ནང་དོན་མང་པོ་ཞིག་ལས་ངར་བག་ཆགས་ཟབ་མོ་བྱུང་བ་དཔེར་ན། ཀྲུང་གོའི་ཕྱི་འབྲེལ་གྱིས་རིམས་ནད་ཐོན་རིང“སྤྲིན་ཚོམ་ཕྱི་འབྲེལ”བྱ་ཐབས་སྤྱད་པ་དང་། 2020ལོའི་ཀྲུང་གོའི་ཕྱི་འབྲེལ་གྱིས་ལས་འགན་ཆེན་པོ་ལྔར་དམིགས་པ། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཆེད་དམིགས་སྒྲིག་གཞི་ཁག་གིས་འཁུར་དགོས་ངེས་ཀྱི་འགན་འཁྲི་གང་ལེགས་འཁུར་དགོས་པའི་འབོད་སྐུལ་བྱས་པ་སོགས་རེད། དེའི་ཁྲོད་ཀྱི“རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་གི་བདེ་ཐང་གི་གནད་དོན་དེ་ད་ལྟ་ནང་བཞིན་གྱི་བདེ་སྡུག་མཉམ་མྱོང་དང་ཟུང་འབྲེལ་དམ་ཟབ་བྱུང་མྱོང་མེད”ཅེས་པའི་རྒྱས་བཤད་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བརྗོད་པ་རེད།
     ཕི་ཁེར་གྱིས་ཀྲུང་གོས་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་ལ་ཤུགས་ཆེན་པོ་རྒྱག་གི་ཡོད། དེ་ནི་ཀྲུང་གོའི་སྲོལ་རྒྱུན་དང་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ལས་བྱུང་བ་ཞིག་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་ནི་ཀྲུང་གོས་མིའི་རིགས་ཀྱི་ཞི་བདེ་དང་བདེ་རྩ་སྲུང་སྐྱོང་བྱ་ཆེད་བཏོན་པའི་གྲོས་འགོ་གལ་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་གལ་འགངས་ཆེ་བའི་མཚན་ཉིད་རིག་པའི་བསམ་བློའི་གྲས་ཤིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     ཁོང་གིས་རིམས་ནད་ཐོན་རྗེས། ཀྲུང་གོས་རྒྱལ་ཁབ་ཁག་གཅིག་ལ་རིམས་འགོག་གི་རོགས་རམ་བྱས་ཡོད། ཧྥ་རན་སེ་དང་ཀྲུང་གོའི་དབར་སྨན་བཅོས་དངོས་རྫས་ཞལ་འདེབས་དང་། ཚན་རིག་ཞིབ་འཇུག་ཐད་ཕན་ཚུན་རོགས་རམ། གྲངས་གཞི་མཉམ་སྤྱོད་བཅས་བྱས་ཡོད། “དེ་ལས་དཔལ་འབྱོར་གོ་ལ་ཅན་གྱི་དུས་རབས་སུ་རྒྱལ་སྤྱིའི་མཉམ་ལས་དང་ཕན་ཚུན་རོགས་རམ་ནི་ཉེན་ཁར་ཁ་གཏད་གཅོག་ནུས་ཆེ་ཤོས་ཀྱི་བྱ་ཐབས་ཤིག་ཡིན་པ་གསལ་བཤད་ཐུབ་ཀྱི་ཡོད”ཅེས་བརྗོད་པ་རེད།
     ཁོང་གིས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ལས་དོན་སྤེལ་རིང་མཐུན་སྦྱོར་བྱེད་པ་དང་ལྷག་པར་དུ་ད་ཐེངས་ཀྱི་ཏོག་གསར་རིམས་ནད་ཐོན་རིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ལྟེ་བའི་ནུས་པ་འདོན་སྤེལ་བྱས་ཡོད་པས། རྒྱལ་ཁབ་ཁག་གིས་ངེས་པར་དུ་ལྟ་སྟངས་ནན་ཏན་འཛིན་དགོས་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འབྲེལ་ཡོད་གྲོས་འགོར་བརྩི་སྲུང་ཡང་ཞུ་དགོས་ཞེས་བརྗོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1