གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༡ཉིན།

རྗེས་ལུས་མཐའ་ཁོབ་ཀྱི་གྲོང་ཚོའི་གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར།

        དར་མདོ་གྲོང་ཁྱེར་འཁོབ་ཡུལ་ཡུལ་ཤོག་གསེར་ལུང་ཡུལ་ཚོ་ནི་དར་མདོའི་ཤར་རྒྱུད་ཀྱི་སྤྱི་ལེ་110ཡི་མཚམས་སུ་ཆགས་ཡོད། མཚོ་འཕགས་ལ་སྨི་2400ཡོད་པ་དང་ས་ཞིང་མུའུ་500དང་མུའུ་201.79ཞིང་བསྐྱུར་ནགས་འདེབས་བྱས་ཡོད། ཡུལ་ཚོ་ཡོངས་ལ་བསྡོམས་པས་དུད་ཚང་38དང་མི་147 ཏང་ཡོན་16བཅས་ཡོད། གནམ་གཤིས་དྲོད་གྲང་སྙོམས་པ་དང་། རྩྭ་ཆུ་ཕུན་སུམ་ཚོགས་པ། རི་རབ་སྟར་ཕྲེང་བསྒྲིགས་བཞིན་རི་མཐོ་དང་རྩྭ་ཐང་། ནགས་ཚལ་གཞི་གཅིག་ཏུ་སྒྲིལ་བའི་སྐྱེ་ཁམས་ལྗོངས་ཁུལ་ཞིག་ཡིན། ད་ལྟ་ཡུལ་ཚོའི་ཀྲི་པུའུ་ཧྲུའུ་ཅིའི་སྣེ་ཁྲིད་འོག་ཡུལ་འདི་གར་དབུལ་གྲོལ་འགག་སྒྲོལ་མངོན་འགྱུར་བྱུང་སྟེ་ལྡུམ་ར་རྣམ་པའི་རི་གྲོང་དུ་བསྐྲུན་པར་ཡུལ་སྐོར་ལྗོངས་རྒྱུར་འོང་མཁན་རྒྱུན་ཆད་མེད། ཡུལ་ཚོ་དེ་2013ལོར་རྫོང་ཨུས་སྔོན་ཐོན་གྲོང་གསེབ་ཏང་ཀྲི་པུའུ་རུ་བདམས་པ་དང་། 2014ལོར་སི་ཁྲོན་ཞིང་ཆེན་མི་རིགས་ཁྱད་ལྡན་རི་གྲོང་དུ་བདམས།

ཚིང་ཚིང་ལྗོན་ཤིང་གིས་བསྐོར་བའི་གྲོང་གསེབ་ཀྱི་ཡུལ་སྐོར་སྡོད་ཁང་།

འདས་སོང་གི་གསེར་ལུང་ཡུལ་ཚོ། གྲོང་དུ་བགྲོད་པའི་ལམ་ཡང་དཀོན་པའི་ཡུལ་ཚོ་ཞིག


        སྔོན་ཆད་གསེར་ལུང་ཡུལ་ཚོའི་འགྲིམ་འགྲུལ་སྟབས་ལེགས་པོ་མེད་པར་རི་ལུང་དུ་འགྲོ་བའི་ལམ་གཅིག་ལས་མེད། མ་ཟད་རླངས་འཁོར་འགྲོ་དཀའ་ཞིང་ཆར་ཆུ་འབེབས་པའི་དུས་ཚིགས་སུ་ཆུ་ལོག་གིས་མེད་པར་བཟོ་སྲིད་པས། ཕྱི་ནང་གི་འགྲོ་འོང་ཆད་འགྲོ་བ་རེད། ལྷག་པར་དུ་མི་རྒན་པ་ལ་ལ་མི་ཚེ་གང་པོར་ཡུལ་ཚོའི་ཕྱི་རུ་ཐེངས་གཅིག་གཉིས་རེ་མ་གཏོགས་འགྲོ་མ་མྱོང་བའང་ཡོད།

གསེར་ལུང་ཡུལ་ཚོའི་སྣེ་ཁྲིད་པ། ཡུལ་ཚོའི་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ལགས།

        གསེར་ལམ་ཡུལ་ཚོ་རི་རྐེད་དུ་ཆགས་ཤིང་རི་འདབས་ནས་བར་ཐག་སྤྱི་ལེ་7མ་གཏོགས་མེད་རུང་རིའི་གཟར་ཚད་ཀྱི་དབང་གིས་ལམ་བསྐྲུན་པའི་གནད་དོན་དེ་དཀའ་ཁག་ཆེ་རུ་གྱུར་ཡོད། 2014ལོར། སྲིད་གཞུང་གིས་མ་རྩ་བཏང་ནས་གསེར་ལུང་ཕུག་ལམ་བསྐྲུན་པ་ལས་ད་གཟོད་ཡུལ་ཚོ་དེའི་དཔལ་འབྱོར་གྱི་ལམ་སྣ་དྲངས།
        གསེར་ལུང་ཡུལ་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཡིས་བཤད་རྒྱུར། 2014ལོའི་ཡར་སྔོན་ཡུལ་ཚོས་རྐང་ལམ་ཕྲ་མོ་འདི་བརྒྱུད་ནས་ཐོན་སྐྱེད་འཚོ་བའི་དགོས་མཁོ་ཚང་མ་མི་དང་རྟ་ལ་བརྟེན་དགོས་མོད། ད་ནི་ལམ་དེ་ཕལ་ཆེར་བེད་སྤྱོད་བྱེད་མཚམས་བཞག་ཡོད།

        ད་ལྟའི་གསེར་ལུང་ཡུལ་ཚོ། ལྗོངས་རྒྱུ་པའི་ཡིད་སེམས་བཀུག་པའི་དག་ཞིང་གི་ཡུལ་ཚོ་ཞིག

ཁ་པར་ནས་ཕ་ཡུལ་གྱི་མཛེས་སྡུག་དང་དུས་རབས་ཀྱི་འཕོ་འགྱུར་པར་དུ་ལེན་བཞིན་པ།

        ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་ཡུལ་ཚོའི་སྙན་གྲགས་ཆེ་རུ་བཏང་ཡོད་པ་རེད། ལྷག་པར་དུ་2017ལོར་གསེར་ལུང་ཡུལ་ཚོ་དེ་རྒྱལ་ཁབ་ཀྱིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་རི་གྲོང་ཞེས་པའི་མཚན་གསོལ་བ་དང་། 2018ལོར་དཀར་མཛེས་ཁུལ་གྱི་སྐོར་དང་པོའི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་ཚོད་ལྟའི་རི་གྲོང་དུ་བདམས་ཐོན་བྱུང་།

ཡུལ་མིས་གཡེར་མ་འཐུ་བཞིན་པ།

        འདུ་འཛི་དང་ཁ་བྲལ་བའི་རང་བྱུང་ཁོར་ཡུག་ཁྲོད་ནས་གསེར་ལུང་ཡུལ་ཚོའི་ཁྱད་ལྡན་གྱི་རང་བྱུང་གི་བཀོད་པ་ཉམས་མེད་པར་ལེགས་པོར་སོར་བཞག་བྱས་ཏེེ། སྲུང་སྐྱོབ་ཁྲོད་ནས་གསར་སྤེལ་དང་། གསར་སྤེལ་ཁྲོད་ནས་སྲུང་སྐྱོབ་བྱེད་པའི་རྩ་དོན་གཙིགས་སུ་བཟུང་སྟེ། མིག་སྔར་གྲོང་གསེབ་དར་སྤེལ་གཏོང་བའི་ཇུས་འགོད་འཛུགས་སྐྲུན་ལས་གཞིའི་70%ལེགས་གྲུབ་བྱུང་ཡོད། འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད། གསེར་ལུང་ཡུལ་ཚོས་ས་གནས་རང་གི་གཞི་རྒྱུ་བཅུད་ལེན་བྱེད་པ་གཙོ་བོར་འཛིན་པ་དང་། རི་གྲོང་གི་སྡོད་ཁང་རྣམ་པ་ལྟར་འཛུགས་སྐྲུན་བྱས་ཏེ་གནས་སྡོད་ལ་འཚམ་ཞིང་འཆམ་མཐུན་དང་ཁྱད་ལྡན་གྱི་ཞིང་སྡེའི་མཛེས་ལྗོངས་བསྐྲུན་ཡོད།

དབུལ་ཕོངས་ལས་གྲོལ་རྗེས་ཡུལ་མིས་བདེ་སྐྱིད་འཚོ་བར་རོལ།

        དེ་ཡང་སྤྱིའི་ཇུས་འགོད་པ་ཁྲེན་ཅན་ཆིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། བཟོ་སྐྲུན་གྱི་ཕྱི་ཚུལ་ལ་ས་གནས་རང་གི་ཁྱད་ཆོས་མང་པོ་ཡོད་དེ། རྫ་གཡམ་ཐོག་ཅན་གྱི་ཁང་པའི་འཁོར་ཕྱོགས་ཁ་ཕྱོགས་གཅིག་ཏུ་བཀོད་སྒྲིག་བྱས་ཡོད། རྒྱལ་མོ་རྔུལ་ཆུའི་དུས་རླུང་གི་གྲང་ངར་བཟློག་ཆེད། ཁང་པ་ཚང་མ་ནང་དུ་ཕྱོགས་ཤིང་ས་གནས་དེ་གའི་རྫ་གཡམ་ངོས་དང་གཟར་ངོས་ཀྱི་དགེ་མཚན་བེད་སྤྱད་དེ་དེང་རབས་ཀྱི་འཛུགས་སྐྲུན་ཇུས་འགོད་བྱས་ཡོད།
        གསེར་ལུང་ཡུལ་ཚོས་གནའ་བོའི་རི་གྲོང་དང་ཞིང་སྡེ་དང་ལུང་པའི་སྐྱེ་ཁམས་ཀྱི་མཛེས་སྡུག་ཡུལ་ལྗོངས་ལ་བརྟེན་ནས། 2019ལོའི་“ལྔ་གཅིག་”དུས་ཆེན་གྱི་ལས་གཉེར་ཚོད་ལྟ་བྱེད་རིང་ལ་ཡུལ་སྐོར་སྣེ་ལེན་གྱི་མི་ཐེངས་1200ལྷག་ཟིན་ཡོད་པ་རེད།

མ་འོངས་པའི་གསེར་ལུང་ཡུལ་ཚོ། རིག་གནས་ཡུལ་སྐོར་ཐོན་ལས་གཞི་གཅིག་ཏུ་ཆགས་པའི་ཡུལ་ཚོ་ཞིག
        གསེར་ལུང་ཡུལ་ཚོའི་ཁྱད་ལྡན་ཐོན་ལས་ཏེ་སྤྲིན་གསེབ་མགྲོན་ཁང་དུ། ཁྲེན་ཏུའུ་ནས་འབྱོར་བའི་ཡུལ་སྐོར་པ་འགའ་འདུག །ཁོ་ཚོས་བཤད་རྒྱུར། གསེར་ལུང་ཡུལ་ཚོ་རུ་སྤྲོ་གསེང་བྱེད་ས་ཤིན་ཏུ་འཚམ་པོ་འདུག །རྒྱུ་མཚན་ནི་མགྲོན་ཁང་གི་གཞི་རྒྱ་ཆེ་བ་དང་། མཚན་ལྗོངས་ཀྱང་ཤིན་ཏུ་མཛེས་པོ་འདུག
        ཉེ་བའི་ལོ་འདི་ཤས་ཀྱི་རིང་། གསེར་ལུང་ཡུལ་ཚོས་ཡུལ་སྐོར་ཐོན་ལས་ཤུགས་ཆེར་འཕེལ་རྒྱས་བཏང་ཡོད་དེ། ཡུལ་མི་ཚོས་སྡེ་པའི་དག་གཙང་གི་ཁོར་ཡུག་དང་རྨོ་འདེབས་ཐོན་ལས་ལ་བརྟེན་ནས་ཕྱུག་གྱུར་ལམ་དུ་སྐྱོད་པའི་ཐབས་ལམ་གཅིག་པུ་ལས་ཡིད་མི་ཚིམ་པར། སྤུས་ལེགས་མགྲོན་ཁང་བསྐྲུན་ཏེ་ཞིང་པའི་སྐྱེ་ལྡན་ལྗང་མདོག་བཟའ་བཏུང་གོང་འཕེལ་གཏོང་བཞིན་འདུག
        ཁོ་ཚོས་རང་གི་བཟའ་བའི་སྔོ་ཚལ་ཚང་མ་སྒོ་རའི་ཚལ་ཞིང་ནང་ནས་འཐུ་ཆོག་ལ། སྔོན་ཆད་སྔོ་ཚལ་དྲོད་ཁང་ནང་གི་སྔོ་ཚལ་ལས་ཡུལ་མི་རང་གིས་རང་ཁ་རང་གསོ་ཙམ་མ་གཏོགས་གོ་ཆོད་ཅིང་མེད་མོད། འོན་ཀྱང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་རྗེས། སྔོ་ཚལ་འདི་དག་ཡུལ་སྐོར་པར་བཙོང་ཆོག་ལ། ཡུལ་སྐོར་པ་རང་ཉིད་ཚལ་ཁང་དུ་བསྐྱོད་ནས་སྔོ་ཚལ་འཐུ་བཞིན་སྤྲོ་སྣང་མི་འདྲ་བ་ཞིག་ཚོར་ཐུབ་ཀྱིན་འདུག
        2018ལོར། གསེར་ལུང་ཡུལ་ཚོ་ནི་དཀར་མཛེས་ཁུལ་གྱི་སྐོར་དང་པོའི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་ཚོད་ལྟའི་རི་གྲོང་དུ་བདམས་ཏེ། ཡུལ་ཚོ་ཡོངས་ཀྱིས་ཐོན་ལས་བསྒྱུར་སྤོ་རིམ་འཕར་གྱི་གོམ་འགྲོས་ཇེ་མགྱོགས་བཏང་བར་མ་ཟད། མཚོ་འཕགས་མཐོ་བ་དང་གནམ་གཤིས་ཀྱི་ཁྱད་ཆོད་བེད་སྤྱད་འཚམ་པོ་བྱས་ཏེ། ཐོན་སྐྱེད་གོང་འཕེལ་ལ་བརྟེན་ནས་ཡུལ་ཤོག་གི་ཤེས་ལྡན་མི་སྣ་ཚུར་འགུག་པ་དང་ཡུལ་ཚོའི་ནང་གི་སློབ་ཆེན་པ་མང་པོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས། གསེར་ལུང་ཡུལ་ཚོས་སྲིད་གཞུང་།+ཞིང་དུད།+སྤྱི་གཉེར་ཁང་གི་འཕེལ་རྒྱས་རྣམ་པ་ལག་བསྟར་བྱས་ཏེ། སྲིད་གཞུང་གིས་མ་རྩ་བཏང་བ་དང་། ཞིང་དུད་ཀྱིས་ས་ཞིང་ཕུད་པ། དེ་ནས་སྤྱི་གཉེར་ཁང་གིས་གཅིག་གྱུར་ཐོག་གཏོད་དེ། ཡུལ་མི་རྣམས་ཐོན་ལས་འཕེལ་རྒྱས་གཏོང་བར་ཧུར་ཐག་གིས་ནང་ཞུགས་བྱས་ཏེ་ལྡོག་རྩ་གཅིག་ཏུ་སྒྲིལ་ཏེ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་དེ། མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་དེ་2015ལོའི་སྒོར་7200ནས་2018ལོའི་སྒོར་14800དུ་འཕར་ནས། དབུལ་ཕོངས་ཀྱི་བཀག་རྒྱ་ལས་ཡོངས་སུ་གྲོལ་བ་མངོན་འགྱུར་བྱུང་ཡོད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1