གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༨ཉིན།

སྲ་བརྟན་གྱི་འདུ་ཤེས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ལེན་དགོས།


--སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ལ་ཆེད་དོན་བཅར་འདྲི་ཞུས་པ།


 ནང་དོན་གནད་བསྡུས།   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཞན་ཆ་དང་མ་མཐའི་དམིགས་ཚད་ལ་བརྩིས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པས་འཛམ་གླིང་གིས་དོ་སྣང་བྱེད་པའི་ཕན་འབྲས་ཐོབ་ཡོད།  2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཐོབ་པ་དང་དབུལ་ཐར་འགག་སྒྲོལ་ཐད་དམག་འཐབ་རྒྱག་པའི་ལོ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁ་ཕུ་ཐག་གཅོད་པའི་དབུལ་ཐར་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག“བྱེད་ཐབས་ནུས་ལྡན་སྤྱད་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་སྤུས་ཚད་མཐོན་པོས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད། རང་རྒྱལ་གྱི་ས་ཁུལ་དབུལ་པོའི་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ་གྱི་གསར་གཏོད་ལག་ལེན་དང་ཉམས་མྱོང་ཕྱོགས་སྡོམ་དང་དྲིལ་བསྒྲགས་གཏིང་ཟབ་བྱ་ཆེད། མི་དམངས་ཉིན་རེའི་ཚགས་པར་ཁང་མི་དམངས་གླེང་སྟེགས་དུས་དེབ་ཁང་གིས“དུས་རབས་གསར་པར་དབུལ་ཕོངས་ལས་ཐར་ཏེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་རྒྱལ་ཁ་ལེན་དགོས”ཞེས་པའི་ཆེད་དོན་གནས་ཚུལ་སྤེལ་གཏོང་གི་བགྲོ་གླེང་རབ་དང་རིམ་པ་བྱས་པ་རེད།  ད་ཐེངས་ཡང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་མི་དམངས་གླེང་སྟེགས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད། 
        མི་དམངས་གླེང་སྟེགས།    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག“2020ལོར་སླེབས་སྐབས་རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་།  རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་སེལ་ཐུབ་པ་བཅས་བྱེད་དགོས”ཞེས་ནན་བཤད་བྱས་ཡོད། རྔ་བ་ཁུལ་ནི་རང་རྒྱལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་གྲས་ཤིག་དང་དབུལ་ཐར་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་ཞིག་ཡིན་པས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཇི་ལྟར་བྱས་ནས་བྱ་བ་དོན་འཁྱོལ་བྱས་ཡོད་དམ།

         ལིའུ་ཕིང་།    རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད་ལ། རྒྱལ་ཡོངས་ཀྱི་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཅིག་པུ་དང་། དམར་དམག་རྒྱང་སྐྱོད་ཀྱི“གངས་རི་དང་རྩྭ་ཐང་བརྒྱུད་པའི”གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་དང་ཆུ་མགོ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི“ས་ཁུལ་གསུམ་དང་ཁུལ་གསུམ”། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཡི་གྲས། སི་ཁྲོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་གྱི“ས་ཁུལ་ཆེན་པོ་བཞིའི”གྲུབ་ཆ་གལ་ཆེན་ཞིག་བཅས་ཡིན་པས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)13ཚང་མ་ཤིན་ཏུ་དབུལ་བའི་རྫོང་ཡིན་པ་རེད། 2013ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱིས་གྲོང་ཚོ་དབུལ་པོ་606དབྱེ་འབྱེད་བྱས་པ་དེས་སྲིད་འཛིན་གྲོང་ཚོའི་བསྡོམས་འབོར་གྱི་44.8%བཟུང་བ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་ཁྲི་10.36ཟིན་ལ། དབུལ་པོ་ཐོན་ཚད་14.5%ཟིན་ཡོད། མི་རིགས་ས་ཁུལ་དང་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ། ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ། གྲུམ་ནད་ཁུལ་བཅས་དང་དེ་བཞིན་ཁ་བྲལ་ལ་ངོ་རྒོལ། བརྟན་ལྷིང་ལ་སྲུང་སྐྱོང་བྱ་བའི་དམིགས་བསལ་གྱི་གནས་ཚུལ་ལ་དམིགས་ནས། ས་གནས་དེ་གས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམིགས་པ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་འགྲིམ་འགྲུལ་པུའུ་ཡི་གནས་གཏན་དབུལ་སྐྱོར། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་གང་ལེགས་སྤྱད་དེ“འཚེམ་དྲུབ་བྱེད་པའི”སྙིང་སྟོབས་ལ་བརྟེན་ནས་གནད་འཁེལ་དབུལ་སྐྱོར་དམ་འཛིན་ཡག་པོ་བྱས་པ་རེད།  མིག་སྔའི་བར་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)13གྱི་དབུལ་ཞྭ་འབུད་པ་དང་། གྲོང་ཚོ་དབུལ་པོ་606དབུལ་སྒྲོལ་ཐུབ་པ། མི་ཁྲི་10.34དབུལ་སྒྲོལ་ཐུབ་ནས་ལོ་གཅིག་གི་སྔོན་ལ“གཞི་རྩའི་ཆ་ནས་དབུལ་པོ་བལྟོས་མེད་སེལ་བའི”དམིགས་ཚད་མངོན་འགྱུར་བྱུང་ཡོད། གཅིག་ནི་དམིགས་འབེན་ལ་དམ་པོར་དམིགས་ཏེ་མ་ལག་འཛུགས་དགོས།  དབུལ་པོ་ཆགས་པའི་རྒྱུ་རྐྱེན་མང་བ་དང་དབུལ་པོའི་ཚད་གཞི་གཏིང་ཟབ་པར་དམིགས་ནས<དབུལ་སྐྱོར་གསར་སྤེལ་སྲོལ་ཡིག>སོགས་སྲིད་ཇུས་བྱ་ཐབས་40ལྷག་ཙམ་བཟོས་ནས་བཏོན་པ་དང“1+3+10+N”ཡི་སྲིད་ཇུས་འཆར་འགོད་མ་ལག་དང“ས་ཁོངས་ཡོངས་དང་མི་སྣ་ཀུན། དུས་ཡོད་ཚད”ཀྱི་ལས་ཀའི་རྣམ་པ་ཞིག་བཏོད་ཡོད་པ་རེད། གཉིས་ནི་ཐོན་ལས་སྟོབས་ཆེ་ཆུང་གི་རྣམ་གྲངས་ལ་དམིགས་པ། གཙོ་རྟེན་ཐོན་ལས་ཞན་པ་དང་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་གུ་དོག་པར་དམིགས་ཏེ་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ“རྐང་དབང་ཚད་གཞི”སོགས་དབུལ་པོ་ཉུང་གཏོང་གིས་དབུལ་སྒྲོལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་ནས་མི་འབོར་དབུལ་པོ་ཁྲི་5.3ཉེ་བ་ལས་ཞུགས་དང་དབུལ་སྒྲོལ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། གསུམ་ནི་སྐྱེ་ཁམས་ལ་གཞི་ཚུགས་ཏེ་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། རང་བྱུང་གནོད་འཚེ་ཐོན་མང་བ་དང་གནོད་འཚེས་དབང་གིས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་མངོན་གསལ་དོད་པོ་ཡོད་པར་དམིགས་ནས“རི་གཉིས་ཀྱི་རིགས་པའི་གཞུང་ལུགས”ལག་ལེན་ནན་ཏན་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་3.7གྲབས་གསོག་བྱས་ནས་སྣོད་བཅུད་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་ཞིང་། འདོད་མོས་དང་ནུས་པ་ལྡན་པའི་མི་འབོར་དབུལ་པོ་ཁྲི་2.4སྣོད་བཅུད་སྤྱི་ཕན་ལས་གནས་ཐོག་བསྐྱོད་དེ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8150ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། བཞི་ནས་རྨང་གཞི་བརྟན་དུ་བཏང་ནས་ཞན་ཆ་གསབ་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་སུ་ལུས་པར་དམིགས་ནས་རྨང་གཞིའི་དབུལ་སྐྱོར་ལག་བསྟར་ཤུགས་ཆེན་བྱས་པ་དང་། མི་9355ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ། བོད་རིགས་ས་ཁུལ་དུ་སྡོད་ཁང་གསར་པ་ཁྲི་1.6བསྐྲུན་པ།    གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་4149རྒྱས་སྐྲུན་བྱས་པ། མང་ཚོགས་དབུལ་པོ་ཕྱིར་སྐྱོད་དང་འཐུང་ཆུ་སོགས་ཀྱི་དཀའ་གནད་ནུས་ལྡན་ངང་བསལ་ཡོད། ལྔ་ནི་གཞི་ཐིག་ལ་འགན་སྲུང་ཤུགས་ཆེན་བྱེད་དགོས། སྤྱི་ཚོགས་བྱ་གཞག་གི་འཕེལ་རྒྱས་རྗེས་སུ་ལུས་པ་དང་ནད་རྐྱེན་གྱི་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་རྒྱུར་དམིགས་ཏེ་བདེ་ཐང་རྔ་བའི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས“འགན་ལེན་གསུམ་དང་རོགས་སྐྱོབ་བཞི་ཐེབས་རྩ་གཉིས”ཀྱི་འགོག་སྲུང་འཛིང་རགས་དགུ་བསྐྲུན་ཏེ་མི་འབོར་དབུལ་པོར་སྨན་ཁང་དུ་སྡོད་པའི་སྨན་རིན་རང་གིས་སྤྲོད་ཚད་5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་དང་།  ལོ་བཅོ་ལྔའི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་ཏན་ཏིག་བྱས་པ། དགོན་པར་ཡོད་པའི་ན་སོ་དར་ལ་མ་བབས་པའི་མི་1267ཕྱིར་སློག་བྱས་པ། སློབ་མ་དབུལ་པོ་གཅིག་ཀྱང་སློབ་མཚམས་ཆད་མེད་པ་བཅས་རེད། དྲུག་ནི“གཉིས་འབྲེལ་གཅིག་སྒྲོག”གི་བྱ་བ་དམ་འཛིན་བྱས་པ།  སྤྱི་ཚོགས་སྐྱེ་འཚར་རྗེས་ལུས་དང་ཕུགས་འདུན་མེད་པ་དང་བླུན་རྨོངས་དབང་གིས་དབུལ་པོར་གྱུར་བའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད་པར་དམིགས་ནས“གཉིས་འབྲེལ་གཅིག་སྒྲོག”གི་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་དམ་འཛིན་བྱས་ཏེ་ལས་བྱེད་ལས་བཟོ་ཁྲི་3.5རྒྱུན་རྣམ་ཅན་དུ་བཏང་ནས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་19.2དང་མཉམ་འབྲེལ་ཐོག་བརྩེ་སེམས་མཚོན་པར་བྱས་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཁྲི་1.8ཀྱིས་དགོན་སྡེ་དང་དགེ་འདུན་པར་མཉམ་འབྲེལ་བྱས་ནས་ཏང་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་སྒུལ་ཤུགས་སྔར་བས་ཟབ་ཏུ་བཏང་ཡོད། དེ་དང་ཆབས་ཅིག“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ལས་དོན་མུ་མཐུད་སྤེལ་ནས་ཕྱིར་བལྟས་ཀྱིས་གྲལ་བཤེར་ཆེན་པོ་བྱས་ཏེ་གནད་དོན་7401བཅོས་སྒྲིག་བྱས་ནས་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་བཏང་ཡོད།  

         མི་དམངས་གླེང་སྟེགས། 2020ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ཞེས་པའི་བཞུགས་མོལ་ཚོགས་འདུའི་ཐོག“བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་གང་མགྱོགས་འཛུགས་དགོས”ཞེས་གསུངས་པ་རེད། དེས་ན་རྔ་བ་ཁུལ་གྱིས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་བཏང་སྟེ་དབུལ་སྒྲོལ་ཐུབ་རྗེས་སླར་ཡང་དབུལ་པོར་འགྱུར་རྒྱུ་བཀག་འགོག་ནུས་ལྡན་བྱེད་པའི་ཐད་བསམ་ཕྱོགས་དང་བྱེད་ཐབས་གང་དག་ཡོད་དམ།   

 ལིའུ་ཕིང་།    རང་རེའི་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དང་རྨང་གཞིའི་འཛུགས་སྐྲུན་ཞན་པ། ཐོན་ལས་འཕེལ་རྒྱས་ཞན་པ། སྤྱི་པའི་ཞབས་ཞུ་ཉམས་ཞན་སོགས་ཀྱི་ཞན་ཆ་མངོན་གསལ་དོད་པོ་ཡོད་པས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ལས་འགན་ཧ་ཅང་ལྕི་མོ་ཡོད། དེར་བརྟེན་རང་ཁུལ་གྱིས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་བཀག་འགོག་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་ཐུབ་པ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་ཡོད།  གཅིག་ནས་སྲིད་ཇུས་དོན་འཁྱོལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། “མི་ལེན་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས“གནད་འཁེལ་དྲུག”དང“ཁག་གཅིག་ལྔའི”ཐོག་མུ་མཐུད་ཤུགས་རྒྱག་དགོས་པ་དང་བར་བརྒལ་དུས་སྐབས་ནང་གི་དབུལ་སྒྲོལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས།     དབུལ་ཞྭ་ཕུད་ཟིན་པའི་རྫོང་དང་གྲོང་ཚོ། དབུལ་སྒྲོལ་མི་འབོར་བཅས་ཀྱི་ཧེ་བག་ཅན་དང་གནད་འཁེལ་ཅན་གྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། དུད་ཚང་རེ་རེ་བཞིན་རྗེས་མཐུད་སྲིད་ཇུས་དོན་འཁྱོལ་བྱས་ནས་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་མཐའ་མའི་འགག་གནད་ནུས་ཤུགས་ཡོད་རྒུས་སྒྲོལ་བར་བྱེད་དགོས། གཉིས་ནས་བསྐྱར་ལོག་ལྟ་ཞིབ་ཚད་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དབུལ་ཕོངས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཤིང་སྡེ་བ་དང་ཡུལ་ཚོ། རྫོང་བཅས་རིམ་པ་རེ་རེ་བཞིན་ཞིབ་བཤེར་གཏན་འབེབས་བྱེད་པའི་ལམ་ལུགས་བཙུགས་པ། བརྟན་པོ་མིན་པའི་མི་འབོར་དང་མཐའ་ཁུལ་གྱི་མི་འབོར་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ། གཏན་ཁེལ་བྱས་པའི་ཁྱིམ་དུད་303དང་མཐའ་ཁུལ་གྱི་ཁྱིམ་དུད་དབུལ་པོ་1379། དུད་ཚན་211གི་དབུལ་སྒྲོལ་ལྟ་ཞིབ་ཚད་ལེན་དུད་ཁྱིམ་866གཏན་འཁེལ་བྱས་པ། “དུད་ཁྱིམ་རེར་སྲིད་ཇུས་རེ་”ཡིས་ཐོན་ལས་དང་ལས་ཞུགས་སོགས་དབུལ་སྐྱོར་སྲིད་ཇུས་དང་བྱེད་ཐབས་བཟོས་ནས་དབུལ་ཕོངས་བསྐྱར་དུ་མི་ཐོན་པར་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱས་ཡོད། གསུམ་ནས་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། མང་ཚོགས་ཀྱི་འབབ་འཕར་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུར་དམིགས་ནས་ཡུལ་སྐོར་ལས་རིགས་དང་ཁྱད་ལྡན་ཞིང་འབྲོག་ལས་རིགས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འགུལ་འཕེལ་རྒྱས་དང་ཕན་ཚུན་མཉམ་འདྲེས་ཀྱི་ཐོན་ལས་མ་ལག་གཏོད་པ། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་ཧུར་ཐག་བཅས་བྱས་ཏེ་མང་ཚོགས་ལ་ས་ཆ་རང་དུ་ལས་ཞུགས་ཐུབ་པ་དང་འབབ་འཕར་བརྟན་པོ་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས།  བཞི་ནས་འཇོན་ནུས་གསོ་སྦྱོང་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དབུལ་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“གཉིས་འབྲེལ་གཅིག་སྒྲོག”གི་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བཅའ་ཁྲིམས་སྲིད་ཇུས་དང་། ཁྲོམ་རའི་ཆ་འཕྲིན། ཚན་རིག་ལག་རྩལ། ཐོན་སྐྱེད་རྩལ་ནུས་བཅས་བོད་ཆའང་གྲོང་སྡེར་ཁྱབ་གདལ་བཏང་ནས་མང་ཚོགས་དབུལ་པོའི་ཐོན་སྐྱེད་རྩལ་ནུས་དང་ནང་གནས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལྔ་ནི་དབུལ་སྐྱོར་མཉམ་ལས་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་པུའུ་ཨུའི་དམིགས་འཛུགས་དབུལ་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་རོགས། ཞིང་ཆེན་ནང་གི་རིགས་མཐུན་རོགས་སྐྱོར་བཅས་དམ་འཛིན་ལེགས་པོ་ནན་ཏན་བྱས་ཏེ། ཐོན་ལས་མཉམ་ལས་དང་ངལ་རྩོལ་མཉམ་ལས། ཤེས་ལྡན་མི་སྣའི་རོགས་སྐྱོར་སོགས་ཀྱི་ལས་དོན་ཏན་ཏིག་གིས་སྤེལ་ཏེ། དབུལ་སྐྱོར་རོགས་ལས་དེ་སྔར་ལས་གཏིང་ཟབ་པའི་ཁྱབ་ཁོངས་དང་སྔར་ལས་རྒྱ་ཆེ་བའི་བར་སྟོང་དུ་སྤེལ་རེས་དང་མཉམ་ལས་ཕྱོགས་སུ་གོམ་སྟབས་སྤོ་ཐུབ་པར་བྱ་དགོས།   
         མི་དམངས་གླེང་སྟེགས། 2020ལོ་ནི་དབུལ་ཐར་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཡིན་པ་དང་། དེ་ལས་ལྷག་པའི་དུད་ཚང་དབུལ་པོ་ཚང་མ་དཀའ་གནད་ཁྲོད་ཀྱི་དཀའ་གནད་དང་བརྟན་པོའི་ཁྲོད་ཀྱི་དཀའ་གནད་ཡིན་པས། རྔ་བ་ཁུལ་གྱིས་ཇི་ལྟར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལྟར་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་དབུལ་སྒྲོལ་ཚད་གཞི་ལྟར་རེ་རེ་བཞིན་ཞན་ཆ་གསབ་ནས་ད་ལོའི་དབུལ་སྒྲོལ་ལས་འགན་ཇི་ལྟར་དུས་བཀག་བཞིན་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན།
         ལིའུ་ཕིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བ་བྱེད་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ཉུང་དུ་གཏོང་མི་རུང་བ་དང་གཅིག་ཀྱང་རྗེས་ལུས་མི་ཐེབས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། མིག་སྔར་ཁུལ་ཡོངས་སུ་ད་དུང་དབུལ་སྒྲོལ་ཐུབ་མེད་པའི་མང་ཚོགས་དུད་ཚང་41གི་མི་གྲངས་221ཡོད་པའི་ནང་ངལ་རྩོལ་ནུས་པ་མེད་པའི་མི་འབོར་གྱིས་65%བཟུང་བ་དང་། ནད་ཕོག་པ་དང་དབང་པོ་སྐྱོན་ཅན་གྱིས་14%བཟུང་ཡོད། དཔེ་མཚོན་གྱི“དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་བརྟན་པོའི་ཁྲོད་ཀྱི་བརྟན་པོའི”ཁོངས་སུ་གཏོགས་ཡོད།  ང་ཚོས་རྒྱལ་ཁ་ཡོངས་སུ་མ་ཐོབ་ན་གཏན་ནས་དམག་བསྡུ་མི་བྱེད་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་སྟེ་ཨམ་གཙིགས་བསྡམས་པ་དང་སླར་ཡང་ངར་ཤུགས་སློང་དགོས། ལོ་འཁོར་གྱི་དབུལ་སྐྱོར་ཆེད་དོན་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལོ་འཁོར་གྱི་དབུལ་སྒྲོལ་ལས་འགན་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གཅིག་ནས་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས། དབུལ་ཕོངས་མང་ཚོགས་ལྷག་མའི་དབུལ་པོར་གྱུར་རྐྱེན་དང་ཁྱིམ་ཚང་གི་གནས་ཚུལ། འཕེལ་རྒྱས་ཀྱི་ཆ་རྐྱེན་སོགས་ལ་དམིགས་ཏེ་དབྱེ་ཞིབ་བྱེད་པ། དུད་ཚང་ཚན་པར་བྱས་ཏེ་དབུལ་སྒྲོལ་རོགས་སྐྱོར་གྱི་འཆར་གཞི་བཟོ་བ་དང་། དུད་ཚང་གིས་མི་དང་མིའི་དབར་གྱི་གནད་སྨིན་ཐབས་ཇུས་ལག་ལེན་བསྟར་བ། ཐོན་ལས་དབུལ་སྐྱོར་གྱིས་དབུལ་པོའི་འཚོ་བར་ཕན་པ་འདོགས་པ། ས་གནས་རང་གི་ལས་ཞུགས་བཀོད་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་དུད་ཚང་དབུལ་པོར་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཕུད་རྒྱུན་མཐུད་འབབ་འཕར་རྣམ་གྲངས་2ནས་3བར་ཡོད་པ་དང་ཉུང་མཐར་ཡང་མི་1ལས་ཞུགས་བརྟན་པོ་ཡོང་བ་བྱས་ནས་དབུལ་སྒྲོལ་དམིགས་ཚད་ཁག་སྤུས་ཚད་དང་དམིགས་ཚད་མཐོན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གཉིས་ནི་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་རིམ་པ་དང་རིགས་དབྱེ་ནས་ཁྱོན་ཡོངས་ལ་ཕྱིར་མིག་བལྟས་ཏེ་གྲལ་བཤེར་ཆེན་པོ་བྱེད་པ། ཆད་ལུས་ཞིབ་བཤེར་དང་ཁ་གསབ། གནད་འཁེལ་ཁ་གསབ་བྱེད་པ། སྡོད་ཁང་བདེ་འཇགས་དང་འོས་འགན་སློབ་གསོ། གཞི་རྩའི་སྨན་བཅོས། འཐུང་ཆུའི་བདེ་འཇགས་བཅས་ཀྱི་ཞན་ཆ་གསབ་རྒྱུར་དམ་འཛིན་བྱེད་པ། རྨོངས་གནས་སེལ་བ་དང་ཕན་འབྲས་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལོ་མཇུག་གི་དབུལ་ཐར་འགག་སྒྲོལ་ཁྱོན་ཡོངས་ནས་མཇུག་འགྲིལ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་གསུངས་པ་རེད། གསུམ་ནི་མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། སྒོ་བྱང་བཀལ་བར་ལྟ་སྐུལ་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་ལོ་འཁོར་གྱི་འཆར་གཞིའི་ནང་ཚུད་པའི་དབུལ་ཕོངས་མི་འབོར་གྱི་ཚད་གཞི་ལོན་ཚུལ་ལ་ཕྱོགས་བསྡོམས་དང་བརྡ་ཁྱབ་སྤེལ།  སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྐྱོར་བྱ་ཡུལ་ལ་འགུལ་རྣམ་དོ་དམ་བྱ་རྒྱུ་དང་། གནོད་འཚེ་དང་དབང་སྐྱོན། ན་ཚ། ངལ་རྩོལ་ནུས་པ་བཅས་མེད་པ་དང་རྒྱུ་རྐྱེན་གཞན་དག་གི་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་པའི་མང་ཚོགས་ལ་ཚད་མཐོའི་དོ་ཁུར་བྱས་ནས་ཆ་རྐྱེན་འཛོམས་རིགས་ཚང་མ་དུས་ཐོག་ཏུ་མ་མཐའི་འཚོ་བའི་འགན་ལེན་གྱི་མཐའ་ཚད་ཀྱི་ཁྱབ་ཁོངས་ནང་བཅུག་ནས་མི་འབོར་དབུལ་པོ་དབུལ་སྒྲོལ་གྱི“འགག་སྒོ”ནན་པོ་བསྲུངས་ནས“དབུལ་པོ་ངོ་མ་ལས་སྒྲོལ་རྒྱུ་དང་དབུལ་སྒྲོལ་ངོ་མ་བྱེད་པའི”འགན་ལེན་བྱ་དགོས། དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་སྐྲུན་སོགས་ཀྱི་བྱེད་སྒོ་མུ་མཐུད་དམ་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་། དྲིན་ཚོར་ཡར་བརྩོན་གྱི་སློབ་གསོ། གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྒྲིག་བཅས་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་། ཀུན་སྤྱོད་འཛུགས་སྐྱོང་། གོམས་སྲོལ་སྒྱུར་བ་བཅས་ལ་སྐུལ་འདེད་བཏང་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྒུལ་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་པ་རེད།     
         མི་དམངས་གླེང་སྟེགས། རྔ་བ་ཁུལ་གྱི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ལས“ཡོལ་བ་གཅིག་དང་ས་རྒྱུད་བཞི། ས་ཁོངས་ཡོངས་ཀྱི་སྣོད་བཅུད”བཅས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་། “ས་ཁུལ་གསུམ་མཉམ་སྐྲུན། ལས་རིགས་ལྔ་མཉམ་སྤྱོད”ཀྱི་ཐོན་ལས་གསར་པ། “ཕྱོགས་བཞིར་ཤར་བགྲོད། ཁྱབ་ཁོངས་ཡོངས་རྒྱ་བསྐྱེད”བཅས་ཀྱི་སྒོ་དབྱེའི་རྣམ་པ་གསར་པ་གཏོད་པའི་འཐབ་ཇུས་བཀོད་སྒྲིག་བྱས་ནས་མགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་ཕྱོགས་སྒྱུར་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། མཆོང་སྐྱོད་འཕེལ་རྒྱས་བཅས་ཀྱི་འགག་རྩའི་དུས་སྐབས་ཀྱི་མདུན་དུ་རྔ་བ་ཁུལ་གྱིས་ཇི་ལྟར་བྱས་ནས་འཐབ་ཇུས་དམིགས་ཚད་དེ་མངོན་འགྱུར་བྱས་པ་ཡིན།
         ལིའུ་ཕིང་། “ཡོལ་གཅིག་དང་རྒྱུད་བཞི། ཁོངས་ཡོངས་སྣོད་བཅུད”བཅས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་། “ས་ཁུལ་གསུམ་མཉམ་སྐྲུན། ལས་རིགས་ལྔ་གཅིག་མཚུངས”བཅས་ཀྱི་ཐོན་ལས་ཀྱི་མ་ལག་གསར་པ།    “ཕྱོགས་བཞིར་ཤར་བགྲོད་དང་། ཁོངས་ཡོངས་རྒྱ་བསྐྱེད་པའི”སྒོ་དབྱེའི་རྣམ་པ་གསར་པ། “ཁུལ་གཅིག་དང་ས་ཁུལ་གཉིས། ཁྱིམ་གཞིས་གསུམ”འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་ནི་ཁུལ་ཨུས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་དེ་བཞིན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་རྔ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་དང་དུས་མཚམས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་བཏོན་པའི་འཕེལ་རྒྱས་བསམ་ཕྱོགས་ཤིག་རེད། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཚུན། ཀྲུང་དབྱང་དང་ཞིང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ང་ཚོས་རྔ་བའི“9·20”དྲག་ཆར་དང་འདམ་རུད་ཚབས་ཆེན་སོགས་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ནུས་ཤུགས་ཡོད་རྒུས་ཁྱད་བསད་བྱས་ནས“སྣོད་བཅུད་དང་འཕེལ་རྒྱས། དམངས་འཚོ། བརྟན་ལྷིང་། ཀུན་སྤྱོད”བཅས་ཀྱི་འགག་རྩ་ལྔ་དམ་འཛིན་བྱས་ཏེ་རྨང་གཞི་བརྟན་པོ་བཏིང་བ་དང་འགག་སྒྲོལ་དཀའ་སེལ་གྱིས་ལས་ཀའི་ཞན་ཆ་རེ་རེ་བཞིན་གསབ་སྟེ་འཕེལ་རྒྱས་ཀྱི་དཀའ་གནད་རེ་རེ་བཞིན་ཐག་གཅོད་བྱས་ཡོད། གཅིག་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཚན་པར་བྱས་པའི་ནད་རྟགས་མེད་པའི་ནད་དཔེ་ཁུལ་དང་པོར(ཉེན་ཁ་ཆུང་བའི་ཁུལ)གྱུར་ཡོད་པ་རེད།  གཉིས་ནི་དཔལ་འབྱོར་འཕེལ་རྒྱས་བརྟན་པོའི་ངང་འཕེལ་རྒྱས་སོང་ཡོད་པ་རེད། 2019ལོར་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་6.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8.5%དང་10.5%སོ་སོར་འཕར་ཡོད་པ་རེད། གསུམ་ནས་སྣོད་བཅུད་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། ཁུལ་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་དང་གསོག་ཚད་མུའུ་ཁྲི་6.9དང་སྨི་རྒྱ་དཔངས་གྲུ་བཞི་ཁྲི་299སོ་སོར་གཙང་འཕར་བྱུང་བ་དང་། འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་དུ་བྱེ་འདྲེན་ཚད་ཏུན་ཁྲི་1.9དང་ཏུན་ཁྲི་0.15སོ་སོར་ཉུང་དུ་ཕྱིན་ཡོད།     བཞི་ནས་གནོད་འཚེ་འགོག་བཅོས་བྱ་རྒྱུ་དེ་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བ་ཞིག་ཡིན་ཞིང་། ཡུལ་སྐོར་བ་ཁྲི་9.93དང་མང་ཚོགས་ཁྲི་2.78ལ་གྲུབ་འབྲས་ཐོབ་པའི་ངང་གཞན་སྒྱུར་བྱས་པ་དང་འབྲེལ་གཞན་སྒྱུར་བརྒྱུད་རིམ་ཁྲོད“ཤི་རྨས་གཅིག་ཀྱང་ཐོན་མེད”། དེ་དང་ཆབས་ཅིག་གཟི་ཚྭ་སྡེ་དགུའི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་སྟེ་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་འཛམ་གླིང་ཡུལ་སྐོར་ཉིན་མོར་སྒོ་ཕྱེ་ནས་སྐུ་མགྲོན་སྣེ་ལེན་ཞུས་པ་རེད། ལྔ་ནི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་པར་གྲུབ་འབྲས་ངེས་ཅན་ཐོབ་ཡོད། དྲུག་ནི“གཉིས་བཀུར”གྱི་ལས་དོན་ལ་ཐོད་བརྒལ་བྱུང་ནས་ཞིང་ཆེན་རིམ་པའི“གཉིས་བཀུར”གྱི་དཔེ་བཟང་ཁུལ་ཞེས་པའི་གྲུབ་འབྲས་ཐོབ་པ། ད་དུང་རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་གྱི་མིང་བཏགས་པའི་མཚོ་དམག་གི“རྔ་པའི་དམག་གྲུ”ཐོག་མ་དེ་2019ལོའི་ཟླ་12ཚེས་30ཉིན་སྤྱོད་མགོ་ཚུགས་པ་བཅས་རེད། གོམ་སྟབས་རྗེས་མའི་ལས་ཀའི་ཁྲོད། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྟོབས་ལྡན་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་སྣང་ཆེན་བྱེད་པའི་བསམ་བློའི་རང་རྟོགས་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་ཀྱི་རང་འགུལ་བྱེད་ནུས། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བྱ་བ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། བྱ་བ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ།  “ཁུལ་་གཅིག་དང་ས་ཁུལ་གཉིས། ཁྱིམ་གཞིས་གསུམ”འཛུགས་སྐྲུན་བྱེད་པའི་གོམ་སྲབས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་བསུ་བ་ཞུ་རྒྱུ་ཡིན། གཅིག་ནས་“དག་གཙང་གི་རྔ་བ་དང་དོམ་ཁྲའི་ཁྱིམ་གཞིས”ཀྱི་དམིགས་ཚད་མཐའ་གཅིག་ཏུ་སྲུང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ་དང་ཆབས་ཅིག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་།  ས་གཤིས་ཀྱི་གནོད་འཚེ་འགོག་བཅོས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དེ་བཞིན་ཁོངས་ཡོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འཕྲོད་བསྟེན། ཚོང་ར། བདེ་འཇགས་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་བློ་བདེའི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་གང་ཐུབ་བྱེད་དགོས་པ་ཡིན། གཉིས་ནི་“ཡོལ་བ་གཅིག་དང་ས་རྒྱུད་བཞི། ཁོངས་ཡོངས་ཀྱི་སྐྱེ་ཁམས”འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས། “གཙོ་གནད་སྲུང་སྐྱོང་བྱ་རྒྱུ་དང་བཅོས་སྐྱོང་བྱ་རྒྱུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་”བཅས་ཀྱི་བླང་བྱ་ལྟར། “གཅིག་འཕར་གཅིག་འཕྲི”འི་རྩ་དོན་མཐའ་འཁྱོངས་བྱས་ཏེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་གལ་ཆེན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས་ལ། རྩྭ་ཐང་གི“ཅན་གཉིས་དང་གནོད་འཚེ་གསུམ་”སོགས་སྐྱེ་ཁམས་བཅོས་སྐྱོང་ནན་ཏན་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་“གཡུལ་འགྱེད་ཆེན་པོ་བརྒྱད་”མཐའ་གཅིག་ཏུ་ལེགས་པོ་བྱས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དང་ཆུ་འགོ་གསོ་སྐྱོང་བྱེད་ས་བསྐྲུན་དགོས། གསུམ་ནི་“ས་གནས་གསུམ་མཉམ་སྐྲུན་དང་ལས་རིགས་ལྔའི་ཀུན་སྤྱོད”ཀྱི་ཐོན་ལས་མ་ལག་གསར་པ་ཧུར་ཐག་བསྐྲུན་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསྐྱོད་རྒྱུ་དང་། སྐྱེ་ཁམས་ཀྱི་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། ཁོངས་ཡོངས་ཀྱི་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག ནུས་ཁུངས་གཙང་མ། མི་རིགས་རིག་གནས། “འཕུར་སའི”དཔལ་འབྱོར་བཅས་“ཐོན་ལས་ཆེ་གྲས་ལྔ་”འཕེལ་རྒྱས་གཏོང་བར་སྐུལ་སྤེལ་ཏན་ཏིག་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་དང་། དེང་རབས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་རིགས་ཀྱི་རྟེན་གཞི། རྒྱལ་ཁབ་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་བཅས་འཛུགས་པར་ཤུགས་རྒྱག་དགོས། བཞི་ནི“ཕྱོགས་བཞིའི་བགྲོད་ལམ་དང་ཁོངས་ཡོངས་རྒྱ་བསྐྱེད”ཀྱི་སྒོ་དབྱེའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།  “འགྲིམ་འགྲུལ་མཉམ་རུབ་དམག་འཐབ་ཆེན་པོ་”ལག་བསྟར་གཏིང་ཟབ་དང་། ཁྲིན་ཏུའུ་ནས་ཟི་ལིང་བར་གྱི་ལྕགས་ལམ་དང་འབར་ཁམས་དང་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སོགས་པའི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། “ལེགས་པོ་བཞིའི་གྲོང་གསེབ་གཞུང་ལམ་”གྱི་དཔེ་སྟོན་ཁུལ་ཧུར་ཐག་འཛུགས་པ། 5Gཚོད་ལྟ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་འོད་སྐུད་དྲ་བ་ཁྱབ་པའི་འཛུགས་སྐྲུན་དམ་འཛིན་ནན་ཏན་བྱེད་པ། རྔ་བའི་1000ཧྥུའུ་ཐེ་གློག་དྲའི་མཐོ་གནོན་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། “འགྲིམ་འགྲུལ་མྱུར་བགྲོད་གཞུང་ལམ་”དང་ “ཆ་འཕྲིན་མྱུར་བགྲོད་གཞུང་ལམ་”“གློག་ཤུགས་མྱུར་བགྲོད་གཞུང་ལམ་”བཅས་ནུས་ཤུགས་གང་ཡོད་ཀྱིས་བསྐྲུན་དགོས། དེ་དང་དུས་མཚུངས“རྒྱུད་གཅིག་ལམ་གཅིག”དང་ཁྲིན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་གིས་ཞུགས་ནས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་ཧུར་ཐག་བཏོད་ཡོད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1