གཙོ་ངོས།>> དམངས་སྲོལ།>>བཟའ་ཆས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༥ཉིན།

༄༅།།གློ་རྡེབ།



རྒྱུ་ཆ།

    ཤ གྲོ་ཕྱེ། ཚྭ་སྒོག་གཡེར་གསུམ།

བཟོ་སྟངས།

     ཐོག་མར་གྲོ་ཕྱེ་བརྫིས་ནས་གོར་གོར་ཆུང་ངུ་ལག་མཐིལ་འདྲ་བ་བརྡལ་རྗེས་ཤ་ཞིབ་བུར་གཏུབས་ཏེ་ཚྭ་སྒོག་གཡེར་གསུམ་དང་ལྷན་དུ་བསྲེ་བ། དེ་རྗེས་ཚྭ་སྒོག་གཡེར་གསུམ་བསྲེས་ཡོད་པའི་ཤ་ཕྱེ་གོར་གྱི་ཁུགས་དུ་བཞག་ནས་ཕྱེ་གོར་གཞོགས་གཅིག་ཏུ་ལྟེབས་ནས་ཁ་བསུམ་ཞོར་དང་རི་མོ་ཕབ་ཞོར་བྱས་ཏེ་མཐར་གོར་ཟངས་ཀྱི་ནང་དུ་སྣུམ་ཕྱེས་ནས་བསྲེག་དགོས། གཞན་རླངས་ཚགས་སྟེང་དུ་རླངས་འཚོས་བྱེད་མཁན་ཡང་ཡོད།

ཕན་ནུས།

ཕོ་བའི་མེ་ཁྲོད་སྐྱེད་ཅིང་རླུང་ནད་སེལ།།
ཤ་རྣམས་མཁྲེགས་པར་འགྱུར་ཞིང་ཆག་གྲུམ་སྦྱོར།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1