གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༡ཉིན།

ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་150ལས་བརྒལ་བ།


     ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་18ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་རིམས་ནད་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་150ལས་བརྒལ་ཡོད་པ་རེད།
     གྲངས་གཞི་ལས་མངོན་པར་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་18ཉིན་གྱི་ཆུ་ཚོད་16དང་སྐར་མ་3(པེ་ཅིང་གི་དུས་ཚོད་ཚེས་19ཉིན་གྱི་ཆུ་ཚོད་4དང་སྐར་མ་3)བར་ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་1500753ཟིན་པ་དང་། རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་90312ཟིན་ཡོད།
     གྲངས་གཞི་ལས་མངོན་པར་གཞིགས་ན། ཨ་རིར་རིམས་ནད་ཚབས་ཆེ་ཤོས་ཐོན་ཡུལ་ཉིའུ་གཡོད་མངའ་སྡེར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་351371ཟིན་ཡོད་པ་དང་། རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་28339ཟིན་ཡོད། གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་5ལས་བརྒལ་བའི་མངའ་སྡེ་ད་དུང་ཤིན་ཙེ་ཤིས་མངའ་སྡེ་དང་། དབྱི་ལི་ནུའོ་དབྱི་མངའ་སྡེ། མ་ས་ཀྲུའུ་སའེ་མངའ་སྡེ། ཅ་ལི་ཕུའུ་ཉི་ཡ་མངའ་སྡེ། པིན་ཤིས་ཧྥ་ཉི་ཡ་མངའ་སྡེ། སྨི་ཤིས་ཀེན་མངའ་སྡེ་བཅས་ཡོད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1