གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༡༥ཉིན།

མཚོ་སྔོན་སྐུ་འབུམ་རྫོང་རྒྱ་ཡག་བོད་རུམ་ལག་རྩལ་གསོ་སྦྱོང་ཁང་།


         ཟླ་5ཚེས་8ཉིན། མཚོ་སྔོན་ཞིང་ཆེན་སྐུ་འབུམ་རྫོང་རྒྱ་ཡག་གྲོང་ཚོའི་རྒྱ་ཡག་བོད་རུམ་ལག་རྩལ་གསོ་སྦྱོང་ཁང་དུ། རྒྱ་ཡག་བོད་རུམ་གྱི་རྒྱུན་འཛིན་པ་ཨང་བདུན་པ་དབྱང་ཡུང་ལེང་གིས་བོད་རུམ་བཟོ་རྩལ་འགྲེམས་སྟོན་བྱེད་བཞིན་ཡོད། དབྱང་ཡུང་ལེང་གིས་ངོ་སྤྲོད་བྱས་དོན། རྒྱ་ཡག་གྲོང་ཚོར་ལོ་ངོ་300ལྷག་གི་བོད་རུམ་འཐག་པའི་ལོ་རྒྱུས་ལྡན་པ་དང་། རྒྱ་ཡག་གྲོང་ཚོའི་བོད་རུམ་གྱི་མདོག་ཁ་དྭངས་ལ་ཚོན་མདོག་མི་འགྱུར་བ། རྒྱུ་སྤུས་ལེགས་ཤིང་འཇམ་པོ་ཡོད་པས་ལོ་200ཙམ་བེད་སྤྱོད་བྱེད་ཆོག་གི་ཡོད། ཐུན་མོང་མ་ཡིན་པའི་བཟོ་རྩལ་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པས། རྒྱ་ཡག་གྲོང་ཚོའི་བོད་རུམ་ལ་རྒྱལ་ཁབ་ཕྱི་ནང་གི་བོད་རུམ་ལ་དགའ་པོ་ཡོད་མཁན་གྱི་དགའ་བསུ་ཐོབ་ཀྱི་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1