གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༡༡ཉིན།

ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་དུས་ཚོད་ཕྱིར་འགྱངས་བྱས་པ།

731688_yis_1589084267995_s.jpg

        འདི་ནི་ཟླ་5ཚེས་9ཉིན་མདུན་སྐྱོད་སྒར་སར་ཕྱིར་ལོག་བྱས་པའི་རུ་མིས་སྒར་སའི་ཉེ་འཁོར་ནས་འཁྱགས་པ་ལེན་པར་འགྲོ་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་ཟླ་5ཚེས་9ཉིན་འབྱོར་པའི་གློག་འཕྲིན། གསར་འགོད་པར་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་ནས་ཤེས་རྟོགས་བྱུང་བར། རི་འཛེག་ལམ་དུ་གངས་གསོག་མང་པོ་ཐེབས་པའི་རྐྱེན་གྱིས་རི་རྩེར་འཛེགས་ནས་མཐོ་ཚད་འཇལ་བའི་དུས་ཚོད་སྔོན་གཏན་གྱི་འཆར་གཞི་ལས་ཕྱིར་འགྱངས་བྱས་པ་རེད།

        མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་གི་རུ་དཔོན་ཚེ་བློས་ས་བབ་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་ས་ནས་ངོ་སྤྲོད་བྱས་དོན། ཚེས་9ཉིན་ས་བབ་མཐོ་ཚད་སྨི་7028ཟིན་པའི་སྒར་སར་བསྐྱོད་རྒྱུའི་འཆར་གཞི་མེད་པ་བཟོས་ནས་མདུན་སྐྱོད་སྒར་སར་མུ་མཐུད་ངལ་གསོ་བརྒྱབ་སྟེ། དཔྱད་ཆས་སྤྱོད་སྟངས་སྦྱོང་བ་དང་སྦྲགས་རི་འཛེག་གི་རྩལ་ནུས་སྦྱོང་བརྡར་བྱ་རྒྱུ་རེད། མིག་སྔར། རུ་མི་ཚང་མའི་གཟུགས་པོ་སྣང་དག་མེད་པ་དང་། ཚེས་10ཉིན་ལམ་བཟོ་ཚོགས་ཆུང་ས་བབ་མཐོ་ཚད་སྨི་7028ཟིན་པའི་སར་ལམ་གཤོང་བར་ཕྱིན་ནས་བྱང་ངོས་རི་ཤུར་གཤམ་གྱི་ཉེན་ཁའི་གནས་ཚུལ་ལ་བལྟས་རྗེས་གོམ་སྟབས་རྗེས་མའི་རི་འཛེག་གི་ཉིན་རེའི་ལས་རིམ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1