གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༩ཉིན།

རྔ་བ་ཁུལ་གྱིས་ཨ་ལེ་དཔེ་ཀློག་ཁང་ཐོག་མ་བསྐྲུན་པ།


     ཟླ་4ཚེས་20ཉིན་རྒྱལ་ཡོངས་ཀྱི་ཨ་ལེ་དཔེ་ཀློག་ཁང་ཐོག་མ་དེ་འདའ་དགུ་འཁྱགས་རོམ་མཛེས་ལྗོངས་ཁུལ་དུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། 
     ཨ་ལེ་རིག་གནས་སྤུས་རྟགས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྟ་ཀློག་དང་། ཁཱ་ཧྥེ། ཇ་དང་བཏུང་བྱ། རིག་གནས་གསར་གཏོད་ཐོན་རྫས། མི་རིགས་ཀྱི་རྒྱན་ཆ་རྩེ་གྲ་སོགས་དར་སྲོལ་སྣ་ཚོགས་གཞི་གཅིག་ཏུ་འདུས་པའི་རྔ་བའི་རིག་གནས་ཡུལ་སྐོར་IPགཏོད་ཆེད། ན་ནིང་ནས་བཟུང་། རྔ་བ་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གོ་སྐབས་སུ་བྱས་ཏེ“མཛེས་ལྗོངས་ཁུལ+རིག་གནས་སྤུས་རྟགས”ཀྱི་རྣམ་པ་གསར་གཏོད་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཨ་ལེ་དཔེ་ཀློག་ཁང་ཕྱོགས་ཡོངས་ནས་བསྐྲུན་པ་རེད། གསར་དུ་བསྐྲུན་པའི་འདའ་དགུ་འཁྱགས་རོམ་མཛེས་ལྗོངས་ཁུལ་ཨ་ལེ་དཔེ་ཀློག་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་70ལྷག་ཙམ་ཟིན་པ་དང་། མ་དངུལ་སྒོར་ཁྲི་20ཙམ་བཏང་བ། དཔེ་དེབ་1300ལྷག་ཙམ་ཉར་ཚགས་བྱས་པ། ལྟ་ཀློག་གི་སྡོད་ས་70ཡོད་པ་རེད། དཔེ་ཀློག་ཁང་གི་མཐའ་འཁོར་གྱི་ཁོར་ཡུག་དྭངས་ཤིང་གཙང་ལ་འཇམ་ཐིང་ངེ་ཡིན་པ་དང་། རི་ཆུས་བསྐོར་ཞིང་། ཉར་ཚགས་བྱེད་པའི་དཔེ་དེབ་ནང་སྐུ་ཞབས་ཨ་ལེ་ཡི《ཐལ་རྡུལ་ས་ལ་བབས་པ》དང་། 《རི་སྟོང》《སྤྲིན་པའི་ཟིན་བྲིས》སོགས་དཔེ་སྐྲུན་བྱས་ཟིན་པའི་བརྩམས་ཆོས་ཚང་མ་དང་དེ་བཞིན་རྔ་བ་ཁུལ་གྱི་ས་གནས་དེ་གའི་རྩོམ་པ་པོའི་རྩོམ་རིག་བརྩམས་ཆོས་དང་། དམར་དམག་རྒྱང་སྐྱོད་ཀྱི་རྔ་བའི་ལོ་རྒྱུས་ངོ་སྤྲོད་སོགས་ཚུད་ཡོད་པས་ཡུལ་སྐོར་བས་གཅིག་འཐུས་རྣམ་པའི་ཐོག་ནས་རྔ་བ་ཁུལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ཤེས་རྟོགས་ཐུབ་པ་རེད། རྔ་བ་ཁུལ་དཔེ་མཛོད་ཁང་གི་ཡན་ལག་ཁང་ཡིན་པའི་ངོས་ནས་དཔེ་ཀློག་ཁང་གི་ཉར་ཚགས་བྱས་པའི་དཔེ་དེབ་ཚང་མ་རྔ་བ་ཁུལ་དཔེ་མཛོད་ཁང་གི་དཔེ་དེབ་མ་ལག་ནང་བཅུག་ཟིན་པས་གཡར་ཐུབ་ཀྱི་ཡོད། 
     བསྐྲུན་ནས་སྒོ་བྱང་བཀལ་ཟིན་པའི་འདའ་དགུ་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱི་ཨ་ལེ་དཔེ་ཀློག་ཁང་ཕུད། རྔ་བ་ཁུལ་གྱིས་ད་དུང་སྔ་རྗེས་སུ་གསེར་མཚོའི་མཛེས་ལྗོངས་ཁུལ་དང་། སྐུ་བླ་གཞི་བདག་མཛེས་ལྗོངས་ཁུལ། འབར་ཁམས་རྫོང་འགག་ཁོ་ཕན་མཛེས་ལྗོངས་ཁུལ་བཅས་སུ་ཨ་ལེ་དཔེ་ཀློག་ཁང་བསྐྲུན་རྒྱུ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1