གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༩ཉིན།

“ཉག་ཆུ་ཁའི་བེ་ཤ”རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་རེ་ཞུ་ཐུབ་པ་བྱུང་།

“ཉག་ཆུ་ཁའི་བེ་ཤ”རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་རེ་ཞུ་ཐུབ་པ་བྱུང་།

  ཉེ་ཆར། ཉག་ཆུ་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ལ་རྒྱབ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱིས་བསྐུར་བའི་ཚོང་རྟགས་ཐོ་འགོད་དཔང་ཡིག་འབྱོར་ཞིང་།“ཉག་ཆུ་ཁའི་བེ་ཤ”སོ་མའི་ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས་ལ་རྒྱལ་ཁབ་ཀྱིས་དཔང་གཅོད་གནང་བ་རེད། དེ་ནི“ཉག་ཆུ་ཁའི་བེ་ཤ”སྐམ་པོ་དང་ཤྭ་ནག། ཤྭ་སེར། ནགས་རྣ་བཅས་ཀྱི་རྗེས་སུ་ཉག་ཆུ་རྫོང་ལ་ཐོབ་པའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་དཔང་གཅོད་ཐོབ་ཐེངས་ལྔ་པ་ཡིན་པ་རེད།“ཀྲུང་གོའི་བེ་ཤའི་འབྱུང་ཡུལ”ཞེས་པའི་མཚན་སྙན་སྔར་བས་ཆེ་རུ་བཏང་ནས་རྫོང་དེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་ཕན་ཐོགས་ཡོད་པ་རེད།

“ཉག་ཆུ་ཁའི་བེ་ཤ”རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་རེ་ཞུ་ཐུབ་པ་བྱུང་།

   ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ནི་ཚོང་ཟོག་གང་ཞིག་ས་ཆ་གང་རུང་ཞིག་ནས་ཐོན་པར་མ་ཟད། ཚོང་ཟོག་དེའི་དམིགས་བསལ་གྱི་སྤུས་ཚད་དང་མཚན་སྙན་ནམ་ཁྱད་ཆོས་གཞན་དག་ནི་གཙོ་བོ་ས་ཁུལ་དེའི་རང་བྱུང་གི་རྒྱུ་རྐྱེན་ནམ་ཡང་ན་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ལ་རག་ལས་པའི་མཚོན་རྟགས་ཤིག་ཡིན། ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས་རེ་ཞུ་བྱེད་པ་ནི་མིག་སྔར་རྒྱལ་སྤྱིའི་ཐོག་གི་ཁྱད་ལྡན་ཐོན་རྫས་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་བྱ་ཐབས་ཤིག་རེད། ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་རེ་ཞུ་བྱས་པར་བརྒྱུད་རང་བྱུང་ཐོན་ཁུངས་དང་། མི་རིག་ཐོན་ཁུངས། ས་ཁམས་ཤུལ་བཞག་བཅས་ལུགས་མཐུན་ངང་བེད་སྤྱོད་དང་ཉར་ཚགས་གང་ལེགས་བྱས་ནས་སྤུས་ལེགས་ཁྱད་ལྡན་ཐོན་རྫས་སྲུང་སྐྱོང་ནུས་ལྡན་དང་ཁྱད་ལྡན་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆོག།

    བེ་ཤ་ནི་འཛམ་གླིང་རིམ་པའི་རི་སྐྱེས་ཤ་མོ་རྩ་ཆེན་ཞིག་རེད། དེའི་འཚོ་བཅུད་ཕུན་སུམ་ཚོགས་པས“ཤ་མོ་ཆེས་ཡག་ཤོས” ཞེས་བརྗོད་ཀྱི་ཡོད། མིག་སྔར་ད་དུང་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་མི་ཐུབ་པ་རེད། ཉག་ཆུ་ཁའི་བེ་ཤ་ཡི་རིང་ཚད་ལ་ཆེ་རུང་ཅི་རིགས་ཡོད་ལ། དེ་ལས་རིང་བ་ཕལ་ཆེ་བ་ནི་བེ་ཤིང་རིང་བའི་གསེང་དུ་ཡོད། ཐུང་བ་རྣམས་ནི་བེ་ཤིང་ཐུང་བ་དང་ལེགས་པའི་གསེང་དུ་ཡོད་ཅིང་།  འཚོ་བཅུད་ལྡན་ལ་རྒྱུ་སྤུས་བཟང་ཞིང་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པས།2013ལོར་ཉག་ཆུ་རྫོང་ལ་ཀྲུང་གོའི་བཟའ་བྱའི་ཤ་མོ་མཐུན་ཚོགས་ཀྱིས“ཀྲུང་གོའི་བེ་ཤའི་འབྱུང་ཡུལ”ཞེས་པའི་མཚན་སྙན་སྤྲད་པ་རེད།

“ཉག་ཆུ་ཁའི་བེ་ཤ”རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་རེ་ཞུ་ཐུབ་པ་བྱུང་།

 “ཀྲུང་གོའི་བེ་ཤའི་འབྱུང་ཡུལ”གྱི་སྤུས་རྟགས་སྔར་བས་བཟང་བ་སྐྲུན་ཆེད། ཉེ་བའི་ལོ་ཤས་རིང་ལ་ཉག་ཆུ་རྫོང་གིས་ས་ཁམས་ཀྱི་མཚོན་རྟགས་དང་ཐོན་རྫས་ཀྱི་ཚོང་རྟགས་རེ་ཞུ་ཐོ་འགོད་ལས་ཀར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ལོ་གཉིས་ལྷག་ཙམ་འབད་བརྩོན་བྱས་པར་བརྒྱུད“ཉག་ཆུ་ཁའི་བེ་ཤ”སོ་མའི་ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས་གཞི་ནས་རེ་ཞུ་ལེགས་གྲུབ་བྱུང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་འདི་ལོའི་ཟླ་བ3པར“ཉག་ཆུ་ཁའི་བེ་ཤ”རྒྱལ་ཁབ་ཀྱི་ཚོང་རྟགས་གྲགས་ཅན་དཔང་གཅོད་ལས་ཀ་སྤེལ་ནས་རྫོང་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་ཆེད་ལེའུ་གསར་པ་མུ་མཐུད་དེ་བརྩམ་རྒྱུ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1