གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༨ཉིན།

ཕྱག་ཕྲེང་གི་ཀུ་ཤུ་དང་ལན་མེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་འདུན་ཞུ་ལེགས་འགྲུབ་བྱུང་བ།

        ཉེ་ཆར་ཕྱག་ཕྲེང་རྫོང་གི་ཀུ་ཤུ(ཤིང་ཏོག་སོས་པ)དང་ལན་མེ(ཤིང་ཏོག་སོས་པ)རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་འདུན་ཞུ་ལེགས་གྲུབ་བྱུང་བ་རེད། ད་བར་ཕྱག་ཕྲེང་རྫོང་གིས་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་18བཏོད་པའི་ནང་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་5དང་། སྐྱེ་ལྡན་བཟའ་བཅའ་3 ཞིང་ལས་གྲོང་གསེབ་པུའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་ཁས་ལེན་1 རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་3 རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ས་ཁམས་མཚོན་རྟགས་བདེན་དཔང་ར་སྤྲོད་ཚོང་རྟགས་6བཅས་ཡོད་པ་རེད།
        ཕྱག་ཕྲེང་རྫོང་ནི་སྐམ་ཤས་ཆེ་ལ་ཚ་བ་ཆེ་བའི་ལུང་གཞུང་ཁུལ་དུ་གནས་པས་ཀུ་ཤུ་སྐྱེ་རྒྱུར་འཚམ་པའི་ཁུལ་ཞིག་ཡིན་ཞིང་། དེ་ལས་ཐོན་པའི་ཀུ་ཤུའི་མདོག་ཁ་ལེགས་པ་དང་། དྲི་མ་ཞིམ་པ། གསོག་ཉར་ཡུན་རིང་བྱེད་ཐུབ་ཀྱི་ཡོད།  ཀུ་ཤུའི་རིགས་གཙོ་བོ་ཧུང་ཤིན་དང་། ཧུང་ཀོན། ཧུང་ཧྥུ་ཧྲི། ཤིན་ཧུང་ཤིན། ཅིང་ཀོན། ཆའོ་ན་ཅིན་སོགས་ཡོད་པ་དང་འདེབས་ཁྱོན་ཆེན་པོ་ཡོད་པ་རེད། དེ་ལས་ཐོན་པའི་ལན་མེའི་ནང་ཕུན་སུམ་ཚོགས་པའི་འཚོ་རྒྱུ་དང་སྤྲི་དཀར། གཏེར་རྒྱུ་སོགས་འཚོ་བཅུད་ཀྱི་གཞི་རྒྱུ་འདུས་ཡོད་པ་དང་། བྲོ་བ་ཞིམ་ལ་འཚོ་བཅུད་ཀྱི་རིན་ཐང་མཐོ་བས་རི་ཁུལ་གྱི“ནོར་རྡོ་སྔོན་པོ”ཞེས་བརྗོད་ཀྱི་ཡོད།
        ཕྱག་ཕྲེང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་གིས་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་འདུན་ཞུའི་ལས་དོན་ཧུར་ཐག་སྤེལ་བས་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྱོང་ནས་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་ཕྱག་ཕྲེང་གི་ཉུང་མ་དང་། ཕྱག་ཕྲེང་གི་བོད་ལི། ཕྱག་ཕྲེང་གི་སུར་པན་བཅས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཁས་ལེན་ལས་དོན་སྤེལ་བཞིན་ཡོད་པ་དང་། ཕྱག་ཕྲེང་གི་ཞོག་གོག་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་འདུན་ཞུ་བྱེད་རྩིས་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1