གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༨ཉིན།

ཀྲུང་གོ་ཕུད་པའི་རྒྱལ་ཁབ་གཞན་ཏུ་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་2720458ཟིན་ཡོད།

        ཟླ་4ཚེས་26ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་། ཀྲུང་གོ་ཕུད་པའི་རྒྱལ་ཁབ་གཞན་དག་ཏུ་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་2720458ཟིན་པ་མངོན་ཡོད།
        འཛམ་གླིང་འཕྲོད་བསྟེེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་གསལ། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་26ཉིན་གྱི་ཆུ་ཚོད་10པ་(པེ་ཅིང་དུས་ཚོད་ཆུ་ཚོད་16)བར། ཀྲུང་གོ་ཕུད་པའི་རྒྱལ་ཁབ་གཞན་ཏུ་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཉིན་གོང་མ་དང་བསྡུར་ན་84886མང་དུ་ཕྱིན་ནས་ནད་དཔེ་2720458ཟིན་ཡོད། ཀྲུང་གོ་ཕུད་པའི་ཚེ་འདས་ནད་དཔེ་ཉིན་གོང་མ་ལས་6018མང་དུ་ཕྱིན་ནས་ནད་དཔེ་189080ཟིན་ཡོད།
        གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་ཉིན་གོང་མ་ལས་84900མང་དུ་ཕྱིན་ནས་ནད་དཔེ་2804796ཟིན་ཡོད། ཚེ་འདས་ནད་དཔེ་ཉིན་གོང་མ་ལས་6018མང་དུ་ཕྱིན་ནས་ནད་དཔེ་193722ཟིན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1